ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2015ལོའི་ཟླ་དང་པོའི་ཚེས་བཞི་ཉིན་ཞིན་ཧྭ་གསར་འགྱུར་ཁང་གིས་བཅོས་བསྒྱུར་འཕེལ་རྒྱས་ལ་སྟོབས་དང་ལྡན་པའི་བསམ་པའི་སྒུལ་ཤུགས་འདོན་སྤྲོད་བྱས་པ་སྟེ2014ལོའི་བསམ་བློའི་རིག་གནས་བྱ་བའི་བསྡུས་བཤད་ཅེས་པ་སྤེལ།

བསྡུས་བཤད་ལས2014ལོར། དྲིལ་སྒྲོག་བསམ་བློའི་རིག་གནས་འཐབ་ཕྱོགས་ཀྱིས་དཀྱིལ་སྙིང་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཕྱི་སྒྲུབ་པ་དེ་གཞི་རྩའི་འགན་འཁྲི་ཞིག་ཏུ་བརྩིས་ནས། བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཧུར་ཐག་སྒོས་སྐྱེད་སྲིང་དང་ལག་ལེན་མཐར་ཕྱིན་བྱས་ནས། སྲོལ་རྒྱུན་སྨྱན་བྱད་དང་གསར་དར་སྨྱན་བྱད་གཉིས་འཆམ་མཐུན་སྒོས་འཕེལ་རྒྱས་སུ་བཏང་སྟེ། ཀྲུང་གོའི་གཏམ་རྒྱུད་བཟང་བོར་བརྗོད་པ་དང་། ཀྲུང་གོའི་དོན་བཟང་རྒྱུད་སྒྲོག་བཟང་བོ་བྱེད་པ། ཀྲུང་གོའི་ཁྱད་ཆོས་རྒྱས་བཤད་བཟང་བོ་བྱས་ནས། དྲིལ་སྒྲོག་བསམ་བློའི་རིག་གནས་བྱ་བར་འཕེལ་རྒྱས་དང་གྲུབ་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་བཏང་ཞིང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་བ་མཚོན་པར་བྱས།་ཞེས་བཀོད་ཡོད།

བསྡུས་བཤད་ལས2014ལོར། རིམ་པ་སོ་སོའི་དྲིལ་སྒྲོག་བསམ་བློའི་རིག་གནས་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་གྱི་དྲིལ་སྒྲོག་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཕྱོགས་ཡོངས་ནས་སྐྱེད་སྲིང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྨྱན་བྱད་འཆམ་མཐུན་དང་བརྟན་འཇགས། བཟང་ཞིང་མགྱོགས་པ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་བཏང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྒྱུ་རྩལ་ལས་དོན་དར་རྒྱས་གོང་འཕེལ་དུ་བཏང་བ། ཀྲུང་གོའི་དོན་བཟང་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྣང་བརྙན་བཟང་བོ་བསྐྲུན་པ། རང་ལ་ཕན་པའི་རྒྱལ་སྤྱིའི་གླེང་ཕྱོགས་ཁོར་ཡུག་བསྐྲུན་པ་སོགས་གཙོ་བོར་བཟུང་སྟེ་མཚམས་སྦྱོར་བྱས་ཡོད།

བསྡུས་བཤད་ལས་བསྟན་དོན། 2015ལོ་ནི་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་གནད་འགག་གི་ལོ་ཡིན་ལ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་མགོ་རྩོམ་པའི་ལོ་ཡིན་པར་མ་ཟད། ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ཕྱོགས་ཡོངས་ནས་མཇུག་བསྡུ་བའི་ལོ་ཡང་ཡིན། ཏང་དང་རྒྱལ་ཁབ་ཀྱི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་འགྲན་རྩོད་གསར་བ་དང་རེ་བ་གསར་བའི་མདུན་དུ། དྲིལ་སྒྲོག་བསམ་བློའི་རིག་གནས་བྱ་བས་ངེས་པར་དུ་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་དང་ལྡན་པའི་བསམ་པའི་སྒུལ་ཤུགས་འདོན་སྤྲོད་བྱེད་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།