ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གནམ་ལོ་གསར་ཚེས་ཀྱི་སྔ་ནུབ་ཏུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་དང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་བཅས་བརྒྱུད་ནས་སྤྱི་ལོ2015ལོའི་གནམ་ལོ་གསར་ཚེས་ཀྱི་ཤིས་ཚིག་གསུངས་ཡོད་པ་རེད། གཤམ་ལ་ཤིས་ཚིག་གི་ནང་དོན་ཆ་ཚང་ཞུ་རྒྱུ་ཡིན།

    དུས་ཚོད་ནི་ཧ་ཅང་འགྲོ་མགྱོགས་པོ་ཡིན་ཞིང་། སྤྱི་ལོ2014ལོ་འདས་ལ་ཉེ་བ་དང་། སྤྱི་ལོ2015ལོ་ང་ཚོའི་ཕྱོགས་སུ་བསྐྱོད་བཞིན་ཡོད། འདས་པའི་ལོ་ལ་སྐྱེལ་མ་དང་ལོ་གསར་པར་བསུ་བ་ཞུ་བའི་སྐབས་འདིར། ངས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་ཨོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཐེ་ཝན་སྤུན་ཟླ། ཕྱིར་སྡོད་རང་མིའི་སྤུན་ཟླ། འཛམ་གླིང་རྒྱལ་ཁབ་ཁག་དང་ས་གནས་ཁག་གི་གྲོགས་པོ་རྣམ་པ་བཅས་ལ་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

    སྤྱི་ལོ2014ལོ་ནི་བརྗེད་པར་དཀའ་བའི་ལོ་ཞིག་ཡིན། ལོ་འདིའི་ནང་ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་བསྒྱུར་བཅོས་བྱས་ནས། བྱེད་ཁག་པའི་ལས་ཀ་མི་ཉུང་བ་ཞིག་སྒྲུབ་ཡོད་པ་དང་། བསྒྱུར་བཅོས་ཀྱི་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད་ཅིང་། བསྒྱུར་བཅོས་བྱ་ཐབས་མང་པོ་ཞིག་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པ་རེད། ང་ཚོས་དཔལ་འབྱོར་གོང་འཕེལ་གྱི་རྒྱུན་རྣམ་གསར་པར་འཚམ་པ་བྱས་ནས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། མི་དམངས་ཀྱི་འཚོ་བར་ཡར་རྒྱས་གསར་པ་བྱུང་ཡོད། སྤྱི་ཟླ་12པའི་ཚེས་12ཉིན། ལྷོ་ཆུ་བྱང་འདྲེན་དབུས་ལམ་གྱི་དུས་མཚམས་དང་པོའི་ལས་གཞིས་ཆུ་འདྲེན་ཤར་གཏོང་ཐུབ་པ་དང་། ལམ་རྒྱུད་ཀྱི་མི་དམངས་བཞི་འབུམ་ལྷག་ཙམ་གནས་སྤོ་བྱས་ནས། ལས་གཞི་དེའི་ཆེད་དུ་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་ཡོད་པས། ང་ཚོས་ཁོང་ཚོར་གུས་འདུད་ཞུ་རྒྱུ་དང་། ཁོང་ཚོ་ཁྱིམ་གཞིས་གསར་པའི་ནང་འཚོ་བ་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ལོ་འདིའི་ནང་ང་ཚོས་གཙོ་གནད་དུ་སྤྱོད་བཟང་དར་སྤེལ་དང་སྒྲིག་ཁྲིམས་དག་ཐེར་བྱས་ཤིང་། གཙོ་གནད་དུ་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། ལོངས་སྤྱོད་རིང་ལུགས། བག་མེད་ཆུད་ཟོས་བཅས་ལ་ངོ་རྒོལ་བྱས་པས་གནས་ཚུལ་ལེགས་བཅོས་ཆེན་པོ་བྱུང་ཡོད། ང་ཚོས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་ཤུགས་ཆེ་རུ་བཏང་ནས། བཟོད་སྒོམ་སྤུ་ཙམ་མེད་པའི་རྣམ་འགྱུར་གྱི་ཐོག་ནས་རུལ་སུངས་པར་ཆད་པ་ནན་པོ་བཅད་པས། རུལ་སུངས་ལ་ངོ་རྒོལ་དང་ངན་པར་ཆད་གཅོད་ཀྱི་ཆོད་སེམས་བརྟན་པོ་མངོན་པར་བྱས་ཡོད། ལོ་འདིའི་ནང་། ང་ཚོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་ལས་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས། པེ་ཅིང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་གཙོ་གཉེར་བྱས་པ་དང་། རང་རྒྱལ་གྱི་འགོ་ཁྲིད་པ་ཕྱི་རྒྱལ་དུ་འཚམས་འདྲིར་ཐེངས་མང་ཕེབས་པ། ཕྱི་རྒྱལ་གྱི་འགོ་ཁྲིད་པ་མང་པོ་ཡང་རང་རྒྱལ་དུ་འཚམས་འདྲིར་གནང་བར་ཕེབས་ཡོད་ཅིང་། བྱེད་སྒོ་དེ་དག་གི་ཐོག་ནས་འཛམ་གླིང་གིས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་ཤེས་རྟོགས་བྱུང་ཡོད།

    གོང་གསལ་ལས་ཀ་དེ་དག་ཡག་པོ་བྱེད་ཆེད། ང་ཚོའི་རིམ་པ་ཁག་གི་ལས་བྱེད་པས་ཀྱང་དཀའ་ལས་ཆེན་པོ་བརྒྱབ་ཡོད། འོན་ཀྱང་མི་དམངས་ཀྱི་རྒྱབ་སྐྱོར་མེད་ན། ལས་ཀ་དེ་དག་ཡག་པོ་བྱེད་ཁག་པོ་ཡིན་པས། ངས་འདིར་རང་རེའི་རླབས་ཆེན་གྱི་མི་དམངས་ལ་བསྔགས་བརྗོད་ཞུ་གི་ཡིན།

    ལོ་འདིའི་ནང་། ང་ཚོས་ཁྲིམས་འཛུགས་བྱས་པ་བརྒྱུད་ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་དྲན་གསོའི་ཉིན་མོ་དང་། སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོ། ནན་ཅིང་དམར་གསོད་ཆེན་མོའི་ནང་རྐྱེན་ལམ་དུ་ཤོར་མཁན་གྱི་རྒྱལ་ཁབ་སྤྱི་སྒྲུབ་འདས་མཆོད་ཉིན་མོ་བཅས་གཏན་འཁེལ་བྱས་པ་དང་ཆབས་ཅིག་བྱེད་སྒོ་གཟབ་རྒྱས་སྤེལ་ཡོད། དུས་རབས་ལ་འགྱུར་བ་གང་ཞིག་ཕྱིན་རུང་། རྒྱལ་ཁབ་དང་། མི་རིགས། ཞི་བདེ་བཅས་ཀྱི་ཆེད་དུ་རྩ་ཆེའི་ཚེ་སྲོག་ལེགས་སྐྱེས་སུ་འབུལ་མཁན་རྣམས་ནི་ང་ཚོས་ཇི་སྲིད་བར་དུ་བརྗེད་མི་རུང་བ་དང་། ཁོང་ཚོའི་རང་སྲོག་བློས་གཏོང་དང་ལེགས་སྐྱེས་སྙིང་སྟོབས་སེམས་ལ་བརྟན་པོར་ངེས་དགོས།

    ལོ་འདིའི་ནང་། ང་ཚོས་མི་རྣམས་ཡིད་སྐྱོ་འོས་པའི་གནས་ཚུལ་འགའ་ཤས་ཀྱང་བརྒྱུད་ཡོད་ཅིང་། མ་ལེ་ཞི་ཡའིMH370རྟགས་ཅན་གྱི་གནམ་གྲུ་གར་སོང་ཆ་མེད་དུ་གྱུར་ནས། སྤུན་ཟླ150ལྷག་ཙམ་གར་སོང་ཆ་མེད་སོང་བས། ང་ཚོས་ཁོང་ཚོ་བརྗེད་ཐབས་མེད་ཅིང་། ངེས་པར་དུ་མུ་མཐུད་འབད་བརྩོན་བྱེད་པ་དང་། ཐབས་ཤེས་བཙལ་ནས་ཁོང་ཚོ་རྙེད་ཐབས་བྱ་དགོས། ལོ་འདིའི་ནང་། རང་རྒྱལ་དུ་རང་བྱུང་གནོད་འཚེ་དང་བདེ་འཇགས་ལས་འཛོལ་ཚབས་ཆེན་འགའ་ཤས་བྱུང་ཡོད་པ་དང་། སྤུན་ཟླ་མང་པོ་སྟབས་མ་ལེགས་པར་ང་ཚོ་དང་ཁ་བྲལ་ཡོད་ཅིང་། ཡུན་ནན་ལུའུ་ཏན་གྱི་ས་ཡོམ་ནང་མི600ལྷག་ཙམ་རྐྱེན་ལམ་དུ་ཤོར་བས། ང་ཚོས་ཁོང་ཚོར་དྲན་གསོ་ཞུ་རྒྱུ་དང་། ཁོང་ཚོའི་ཁྱིམ་མི་ཚང་མ་བདེ་འཇགས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

    ལོ་གསར་པའི་ཅོང་སྒྲ་སྒྲོག་ལ་ཉེ། ང་ཚོས་མུ་མཐུད་འབད་བརྩོན་བྱས་ནས། མི་དམངས་ཀྱི་རེ་སྒུག་ང་ཚོའི་བྱ་སྤྱོད་ལ་འགྱུར་བ་དང་། མི་དམངས་ཀྱི་རེ་བ་དོན་དངོས་ཀྱི་འཚོ་བར་འགྱུར་བ་བྱེད་དགོས། ང་ཚོས་མུ་མཐུད་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་དགོས་ཤིང་། མདའ་མོ་འཕངས་ན་ཕྱིར་ལྡོག་མེད་པའི་དཔེ་ལྟར་སྒྱུར་བཅོས་ཀྱི་འགག་རྩའི་དུས་སུ་སྙིང་སྟོབས་ཅན་གྱིས་རྒྱལ་ཁ་ལེན། ང་ཚོས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཁྲིམས་ལུགས་ལ་བརྟེན་ནས་མི་དམངས་ཀྱི་ཁེ་དབང་འགན་ལེན་བྱེད་པ། སྤྱི་ཚོགས་ཀྱི་གཞུང་དྲང་དྲང་བདེན་སྲུང་སྐྱོབ། རྒྱལ་ཁབ་ཀྱི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། ང་ཚོས་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་འདབ་ཆགས་ཀྱི་གཤོག་པ་གཉིས་དང་། རླངས་འཁོར་གྱི་འཁོར་ལོ་གཉིས་ལྟ་བུར་བརྟེན་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་བའི་དམིགས་འབེན་དུས་ཐོག་ཏུ་མངོན་འགྱུར་ཡོང་བ་བྱེད་དགོས།

    རང་རྒྱལ་མི་དམངས་ཀྱི་འཚོ་བ་སྤྱི་ཡོངས་ནས་ཇེ་ཡག་ཏུ་འགྲོ་གི་ཡོད། འོན་ཀྱང་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་འཚོ་བར་ད་དུང་དཀའ་ངལ་ཡོད་པའི་མང་ཚོགས་རྣམས་བརྗེད་མི་རུང་ཞིང་། ང་ཚོས་ལྷག་བསམ་ཟོལ་མེད་ཀྱིས་དམངས་འཚོའི་ལས་ཀ་ཡག་པོ་བྱེད་དགོས་པ་དང་། ལྷག་པར་དུ་དབུལ་སྐྱོར་གསར་སྤེལ་དང་གཞི་རྩའི་འཚོ་བའི་འགན་ལེན་གྱི་ལས་ཀ་ཡག་པོ་བྱས་ནས། གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་དང་། གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་མང་ཚོགས་སོགས་རོགས་རམ་དགོས་པའི་མི་ཚང་མར་འཚོ་བ་འགན་ལེན་ཡོད་པ་དང་། སེམས་དྲོ་སྐྱིད་ཀྱིས་ཁེངས་པ་བྱེད་དགོས།

    ང་ཚོས་ཏང་བཅོས་སྐྱོང་ནན་པོ་བྱེད་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྤྱོད་ཚུལ་ལ་འགྱུར་བ་བཏང་སྟེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རལ་གྲི་རྣོ་པོ་མཐོན་པོར་བསྒྲེངས་བ། ལམ་ལུགས་ཀྱི་རླུང་ཙེ་བརྟན་པོ་བཟོ་བ་བཅས་བྱས་ནས། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ནང་། རུལ་སུངས་པ་མཐའ་དག་ལ་ཞིབ་བཤེར་ཐག་གཅོད་དང་། རུལ་སུངས་ཡོད་ན་ངེས་པར་དུ་ཆད་པ་གཅོད་པ་དང་། རྒྱུ་དངུལ་ལྐོག་ཟ་བྱས་ན་ངེས་པར་དུ་ཁྲིམས་གཅོད་བྱེད་དགོས།

    ང་ཚོས་སྒྲུབ་བཞིན་པའི་བྱ་བ་ནི་རླབས་ཆེན་གྱི་བྱ་བཞག་ཅིག་ཡིན་པས། བློ་བརྟན་འགྱུར་མེད་བྱས་ཚེ་གཞི་ནས་རྒྱལ་ཁ་ལེན་ཐུབ་པ་དང་། ལམ་ཕྱེད་ནས་འགྲོ་མཚམས་བཞག་ན་བྱ་བ་གང་ཡང་སྒྲུབ་མི་ཐུབ། ང་ཚོའི་འཆར་འགོད་ནི་རླབས་ཆེན་གྱི་འཆར་འགོད་ཡིན་པ་དང་། ང་ཚོའི་འབད་འཐབ་ནི་དཀའ་ཚེགས་ཆེ་བ་ཞིག་རེད། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་པ་དང་། མང་གྲོས་བློ་བསྡུ་བྱས་ནས་གོ་སྐབས་སྤྱོད་པ། བློ་སེམས་གཅིག་སྒྲིལ་གྱིས་འགྲན་རྩོད་ལ་ཁ་གཏད་གཅོག་པ། འཕྲལ་སྒྲུབ་འཕྲལ་བཅོས་བྱས་ནས་དཀའ་གནད་སེལ་བ། ཤུགས་སྐྱེད་སྟོབས་སྤེལ་གྱིས་གསར་སྐྲུན་བྱེད་པ་བཅས་བྱས་ནས། རྒྱལ་ཁབ་གོང་འཕེལ་དང་མི་དམངས་ཀྱི་འཚོ་བ་ལོ་རེ་ལས་ལོ་རེ་ཡག་པ་ཡོང་བ་བྱེད་དགོས།

    ཀྲུང་གོའི་མི་དམངས་ཀྱིས་རང་རྒྱལ་ཁབ་ཀྱི་མདུན་ལམ་ལ་དོ་ཁུར་བྱེད་ཀྱི་ཡོད་ལ། འཛམ་གླིང་གི་མདུན་ལམ་ལའང་དོ་ཁུར་བྱེད་ཀྱི་ཡོད་ཅིང་། ཨ་ཧྥེ་རི་ཁ་གླིང་དུ་ཨེ་པོ་ལ་ནད་དུག་འགོས་ནད་ཐོན་སྐབས་ང་ཚོས་རོགས་རམ་བྱས་པ་དང་། མར་ཏེ་ཧྥུའི་རྒྱལ་སར་ཆུ་ཆད་པའི་གནས་ཚུལ་ཐོན་སྐབས་ང་ཚོས་རྒྱབ་སྐྱོར་ཞུས་ཡོད། དེ་ལྟ་བུའི་བྱ་སྤྱོད་མང་པོའི་ཐོག་ནས་ཀྲུང་གོའི་མི་དམངས་དང་རྒྱལ་ཁབ་ཁག་གི་མི་དམངས་ལས་དབང་གཅིག་སྒྲིལ་ཡིན་པའི་བརྩེ་སེམས་མངོན་པར་བྱས་ཡོད། མིག་སྔར་འཛམ་གླིང་སྔར་བཞིན་བརྟན་ལྷིང་མེད་པས། ང་ཚོས་ཞི་བདེར་རེ་འབོད་བྱེད་ཀྱི་ཡོད་ཅིང་། ངས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཐུན་མོང་འབད་བརྩོན་བྱས་ནས། མི་དམངས་ཚང་མས་བཀྲེས་ལྟོགས་མྱོང་མི་དགོས་པ་དང་། ཁྱིམ་ཚང་ཚང་མ་དམག་འཐབ་ཀྱི་འཇིགས་སྐྲག་ནང་སྡོད་མི་དགོས་པ། ཕྲུ་གུ་ཚང་མ་སྐྱོན་བྲལ་ངང་འཚར་ལོངས་ཡོང་ཐུབ་པ་བཅས་ཀྱི་རེ་བ་སྙིང་དབུས་ནས་ཞུ་རྒྱུ་ཡིན། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།