མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཀྲུའུ་ཞི་བཀའ་ཁྱབ་ཨང་བཅུ་བདུན་པ་དང་བཅོ་བརྒྱད་པའི་སྟེང་མིང་བཀོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-29 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་བརྒྱད་ཉིན་ཀྲུའུ་ཞི་བཀའ་ཁྱབ་ཨང་བཅུ་བདུན་པ་དང་བཅོ་བརྒྱད་པའི་སྟེང་མིང་བཀོད།

ཀྲུའུ་ཞི་བཀའ་ཁྱབ་ཨང་བཅུ་བདུན་པའི་ནང་བཀོད་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཁའ་ལམ་བཅའ་ཁྲིམས་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པའི་སྟེང་2014ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་གྲོས་འཆམ་བྱུང་སྟེ། ད་ལྟ་ཁྱབ་སྒྲོག་བྱས་པ་དང་། 2015ལོའི་ཟླ་གསུམ་པའི་ཚེས་གཅིག་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་རྒྱུ་རེད།

ཀྲུའུ་ཞི་བཀའ་ཁྱབ་ཨང་བཅོ་བརྒྱད་པའི་སྟེང་བཀོད་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པའི་སྟེང་2014ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་ཚེ་བུའུ་ཡི་རིག་གནས་པུའུ་ཡི་པུའུ་ཀྲང་གི་འགན་ལེན་པ་དང་། ལའོ་ཧྲུའུ་ལ་རིག་གནས་པུའུ་ཡི་པུའུ་ཀྲང་གི་འགན་བསྐོ་རྒྱུའི་ཐག་བཅད།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག