མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པས་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-29 11:03

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པས་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོང་གསེབ་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱེད་པ་དང་འབྲེལ་ནས་ཆེད་དོན་འདྲི་ཞིབ་བྱས།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པས་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོང་གསེབ་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱེད་པ་དང་འབྲེལ་ནས་ཆེད་དོན་འདྲི་ཞིབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པས་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོང་གསེབ་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱེད་པ་དང་འབྲེལ་ནས་ཆེད་དོན་འདྲི་ཞིབ་བྱས།

ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་མགོ་འཛིན་བྱས། ཀྲང་ཏི་ཅང་གིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་བསྟན་དོན། ཡོངས་ལ་ཁེབས་ཤིང་གཞི་རྩ་འགན་སྲུང་བྱེད་པ་དང་རིམ་པ་མང་ཞིང་རྒྱུན་མཐུད་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། འདྲ་མཉམ་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་འཁོར་རྒྱུགས་རང་བཞིན་དང་མཐུན་པར་བྱེད་པ། རྒྱུན་མཐུད་རང་བཞིན་ཁག་ཐེག་བྱེད་པ་བཅས་གཙོར་བཟུང་སྟེ་སྤྱི་ཚོགས་སྡོད་དམངས་ཡོངས་ལ་ཁེབས་པའི་སྤྱི་ཚོགས་འགན་སྲུང་མ་ལག་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་དགོས། ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་གྲོས་ཞིབ་བྱས་པར་མ་ཟད་ཆེད་དོན་འདྲི་ཞིབ་བྱས་པ་དང་དེའི་དམིགས་ཡུལ་ནི་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་དངོས་འབེབས་དང་ལག་བསྟར་བྱས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་ཟེར།

མཉམ་འབྲེལ་ཚན་ཆུང་གིས་གྲོས་ཞིབ་དང་ཆེད་དོན་འདྲི་ཞིབ་བྱེད་སྐབས་ལང་ལོང་སྒོས་གཏམ་བཤད་པ་དང་ནན་ཏན་སྒོས་དྲི་བར་ལན་བཏབས།

འདྲི་ཞིབ་མཇུག་རྫོགས་སྐབས་ཀྲང་ཏི་ཅང་གིས་གསུངས་རྒྱུར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འདྲི་ཞིབ་བྱ་བ་ལེགས་བཅོས་དང་འཐུས་ཚང་དུ་གཏོང་བ་དང་། རྩ་འཛུགས་ཀྱི་རྣམ་པ་དང་བྱ་བའི་ནང་རྐྱེན་སྔར་ལས་འཐུས་ཚང་དུ་བཏང་ནས། ཆེད་དོན་འདྲི་ཞིབ་ཀྱི་དམིགས་ཡུལ་རང་བཞིན་དང་ཕན་ནུས་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། ཧུར་ཐག་སྒོས་ཆེད་དོན་འདྲི་ཞིབ་ཚད་ལྡན་ཅན་དང་ནང་རྐྱེན་ཅན། རྒྱུན་ལྡན་ཅན་དུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག