མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚན་ཆུང་བགོས་ཏེ་གྲོས་ཞིབ་བྱས་པར་མ་ཟད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་སྡེ་གསར་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཆེད་དོན་འདྲི་ཞིབ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-29 11:02

ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པས་ཚན་ཆུང་བགོས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་སྡེ་གསར་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་པར་མ་ཟད། སྙན་ཞུར་ཆེད་དོན་འདྲི་ཞིབ་བྱས། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གྲོས་ཞིབ་དང་འདྲི་ཞིབ་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པས་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར་ཚན་ཆུང་བགོས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་སྡེ་གསར་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་པར་མ་ཟད། སྙན་ཞུར་ཆེད་དོན་འདྲི་ཞིབ་བྱས། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གྲོས་ཞིབ་དང་འདྲི་ཞིབ་ལ་ཞུགས།

ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་སྡེ་གསར་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན། ཚེས་ཉེར་བདུན་ཉིན་ཚན་ཆུང་བགོས་ནས་གྲོས་ཞིབ་བྱེད་པའི་ཁྲོད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་བསམ་འཆར་གང་ལེགས་སྒོས་བཤད་པར་མ་ཟད་གནས་ཚུལ་འདྲི་ཞིབ་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། ཞིང་ལས་པུའུ་དང་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། དམངས་སྲིད་པུའུ། ནོར་སྲིད་པུའུ། ཁོར་ཡུག་སྲུང་སྐྱོབ་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ་གྲོས་ཚོགས་སྟེང་ཞུགས་ནས་བསམ་འཆར་ཉན་པ་དང་། འདྲི་ཞིབ་བྱས་པའི་གནད་དོན་ལ་ཞིབ་ཏུ་ལན་བཏབ།

གྲོས་ཞིབ་དང་འདྲི་ཞིབ་བྱེད་པའི་ཁྲོད་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ཡོངས་ཁྱབ་ཏུ་བལྟས་ན། ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་གཏན་འཁེལ་བྱས་པའི་ཚུན་ལ། རང་རྒྱལ་གྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་པ་དང་། རྒྱལ་ནང་གི་ཚོང་རའི་དགོས་མཁོ་རྒྱ་བསྐྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་རྨང་གཞི་བཟང་བོ་བཏིང་ཡོད་པར་སྙམ།  

ཨུ་ཡོན་ཁ་ཤས་ཀྱིས་དེང་སྐབས་ས་ཁུལ་ཁ་ཤས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་ཐད་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་མེད་པ་དང་། ཡང་ན་འཆར་འགོད་བྱས་པ་ལྟར་ལག་བསྟར་བྱས་མེད་པས། ཞིང་སྡེ་གསར་བ་འཛུགས་སྐྲུན་ཇི་ལྟར་སྔར་ལས་འཆར་འགོད་བཟང་བོ་བྱེད་པ་དང་། འཛུགས་སྐྲུན་གྱི་ཆུ་ཚད་གཟབ་ནན་བྱེད་དགོས་ཞེས་དྲིས་ཏེ། འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བས་གོ་རིམ་རྗེས་མར་ཇུས་གཞིའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་། ཇུས་གཞི་འགོད་ཐབས་ཇེ་ལེགས་སུ་བཏང་སྟེ། ཇུས་གཞིའི་ཕན་འབྲས་རང་བཞིན་ཇེ་ཆེར་གཏོང་རྒྱུ་ཡིན་ལ། དེ་དང་མཉམ་དུ་ཞིང་བའི་བརྩོན་སེམས་གང་ལེགས་སྒོས་སྐུལ་སློང་བྱས་ནས། མཉམ་དུ་ཞིང་སྡེ་གསར་བ་འཛུགས་སྐྲུན་ཁྲོད་ཞུགས་རྒྱུ་ཡིན་ཞེས་ལན་བཏབ།

དེང་རབས་ཞིང་ལས་འཕེལ་རྒྱས་སུ་བཏང་སྟེ། འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་པ་ནི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོ་ཡིན་པས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་དེར་ཧ་ཅང་སེམས་ཁུར་བྱེད་ཀྱིན་ཡོད། ཨུ་ཡོན་ཁ་ཤས་ཀྱིས་སྲིད་གཞུང་གིས་བྱེད་ཐབས་གལ་དག་སྤྱད་དེ་འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་རྒྱུ་ཡིན་ཞེས་དྲིས་ཏེ། འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བས་དེང་རབས་ཞིང་ལས་འཛུགས་སྐྲུན་བྱེད་དགོས་ན་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བ་ཕྱོགས་གཉིས་ནས་འདང་རྒྱག་དགོས། དེང་སྐབས། རང་རྒྱལ་གྱི་ཞིང་ལས་ཐོན་སྐྱེད་ནུས་ཤུགས་དང་ཚན་རྩལ་ཆུ་ཚད་ལ་འཕེལ་རྒྱས་ཆེན་པོ་བྱུང་སྟེ། འབྲུ་རིགས་ཐོན་ཚད་བསྟུད་མར་ལོ་བཅུ་གཅིག་རིང་ལ་ཐོན་འཕར་བྱུང་མོད། འོན་ཀྱང་དེར་མཐོང་ཆུང་བྱེད་མི་རུང་། གོ་རིམ་རྗེས་མར་བདག་གཉེར་ལམ་ལུགས་གསར་སྐྲུན་བྱེད་པའི་གནད་དོན་གཙོ་བོར་བཟུང་སྟེ་ཐག་གཅོད་བྱས་ནས། ཞིང་ལས་གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན། ཚད་གཞི་ཅན་བཅས་སུ་བསྒྱུར་དགོས་ཞེས་ལན་བཏབ།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག