མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལེང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-27 12:35

习近平会见梁振英.jpg

    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་དྲུགི་ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ནས་པེ་ཅིན་ལ་ལས་འགན་སྒྲུབ་ཚུལ་ཡར་ཞུ་བྱེད་དུ་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལེང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།

    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ནས་པེ་ཅིན་ལ་ལས་འགན་སྒྲུབ་ཚུལ་ཡར་ཞུ་བྱེད་དུ་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལེང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་བར་མ་ཟད་ཁོས་ཞང་ཀང་གི་དེང་སྐབས་གནས་བབ་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན།

    ཞི་ཅིན་ཕེན་གྱིས་གསུངས་རྒྱུར། འདས་པའི་ལོ་གཅིག་གི་ནང་དུ་སྲིད་འཛིན་དཔོན་པོ་ལེང་ཀྲིན་དབྱིན་གྱིས་དམིགས་བསལ་སྲིད་འཛིན་ས་ཁུང་སྲིད་གཞུང་ལ་མགོ་ཁྲིད་བྱས་ཏེ། ཁྲིམས་ལྟར་གོ་རིམ་ཡོད་པའི་སྒོ་ནས་སྲིད་གཞུང་བཅོས་སྒྱུར་ལ་སྐུལ་འདེད་བཏང་བ་དང་། ཧུར་ཐག་སྒོས་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ཞིང་དམངས་འཚོ་ལེགས་བཅོས་བྱས་པ་དང་ཁྲིམས་སྐྱོང་སྲུང་སྐྱོབ་བྱས་ནས་ཞང་ཀང་གི་ཁྱོན་ཡོངས་བརྟན་འཇགས་སྲུང་འཛིན་བྱས། ཀྲུང་དབྱང་གིས་ཁྱེད་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་བྱ་བར་ཁས་ལེན་གང་ལེགས་བྱས་པ་ཡིན་ཟེར།

    ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཞང་ཀང་གི་ཆབ་སྲིད་ལམ་ལུགས་འཕེལ་རྒྱས་དེ་ས་གནས་རང་གི་དོན་དངོས་གཞིར་བཟུང་སྟེ་ཁྲིམས་ལྟར་གོ་རིམ་ཡོད་པའི་སྒོ་ནས་ལག་བསྟར་བྱས་ནས། སྡོད་དམངས་ཀྱི་བདེ་སྡོད་ལས་བརྩོན་ལ་ཕན་པ་ཡོད་པ་དང་སྤྱི་ཚོགས་དར་རྒྱས་དང་བརྟན་འཇགས་ཡོང་བར་ཕན་པ་ཡོད་པ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་སྲུང་སྐྱོབ་བྱེད་པར་ཕན་པ་ཡོད་པར་བྱེད་དགོས། ཞང་ཀང་གི་ལས་རིགས་སོ་སོས་རྒྱལ་ཁབ་ཀྱི་རྩ་བའི་ཁེ་ཕན་དང་ཞང་ཀང་གི་སྤྱིའི་ཁེ་ཕན་གཞིར་བཟུང་སྟེ་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པ་དང་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོབ་བྱེད་དགོས་ལ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཁྲིམས་སྐྱོང་ཁོར་ཡུག་ལ་མཐོང་ཆེན་བྱས་ནས། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་དེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོད་པའི་བྱེད་ཕྱོགས་དང་གཞི་རྩའི་བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་བགྲོད་ལམ་དུ་མདུན་སྐྱོད་བྱེད་རྒྱུ་སྲུང་འཛིན་བྱེད་དགོས་ཟེར།

རྩོམ་སྒྲིག་པ། མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག