མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གཏན་འབེབས་དོན་ཚན་བརྒྱད་ལོ་གཉིས་ལག་བསྟར་བྱས་པ། ཟླ་9པའི་ཟླ་མཇུག་བར་ཁྱོན་མི་ཁྲི་8ལྷག་ཙམ་ཐག་གཅོད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-12-06 11:05

    ཀྲུང་དབྱང་གིས་ལས་ཀའི་སྤྱོད་ཚུལ་ལེགས་སྒྱུར་དང་མང་ཚོགས་དང་འབྲེལ་གཏུག་དམ་ཟབ་བྱ་རྒྱུའི་སྐོར་གྱི་གཏན་འབེབས་དོན་ཚན་བརྒྱད་བཏོན་ནས་ལོ་གཉིས་འདས་པ་དང་།ད་ལོའི་ཟླ་9ཚེས་30ཉིན་བར་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་62404ཞིབ་བཤེར་ཐག་གཅོད་བྱས་པ་དང་མི་82533ཐག་གཅོད་བྱས་ཤིང་།དེའི་ཁྲོད་ནས་མི་23259ལ་ཏང་ཁྲིམས་སྲིད་ཁྲིམས་ཀྱི་ཉེས་ཆད་བཅད་པ་རེད།

    ཐག་གཅོད་བྱ་ཡུལ་གྱི་རིམ་པ་ལྟར་དབྱེ་ན།ཤང་ཁའོ་རིམ་པའི་ཐག་གཅོད་མི་གྲངས་78767ཟིན་པ་དེས་ཐག་གཅོད་སྤྱི་འབོར་གྱི་95.4%ཟིན་ནའང་།ཞིང་ཆེན་དང་པུའུ་རིམ་པའི་ཐག་གཅོད་མི་གྲངས་2ལས་མེད་པ་དང་།གཞན་ཡང་ས་ཁུལ་ཁག་གི་ཐིང་རིམ་པའི་ལས་བྱེད་པ་264དང་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་3500ཐག་གཅོད་བྱས་པ་རེད།

    ཐག་གཅོད་བྱ་ཡུལ་གྱི་གནད་དོན་གྱི་རིགས་ལྟར་དབྱེ་ན།ལས་ཀའི་སྒྲིག་ལམ་འགལ་བ་ཐག་གཅོད་བྱས་པའི་མི་གྲངས་མང་ཤོས་ཡིན་པ་དང་མི་38135ཟིན་པ་དེས་46.2%ཟིན་ཡོད།ཡོངས་བསྒྲགས་བྱས་པའི་གྱོད་གཞིར་བལྟས་ན།ལས་ཀའི་སྒྲིག་ལམ་དང་འགལ་བ་ནི་གཙོ་བོར་ལས་སྒྲུབ་རིང་རྒྱུ་མཚན་མེད་པར་ལས་གནས་དང་བྲལ་བ་དང་།ལས་སྒྲུབ་སྐབས་གློག་ཀླད་ཀྱི་རོལ་རྩེད་རྩེ་བ་སོགས་ཡིན་པ་དང་།གཞན་ཡང་འཛད་སྤྱོད་མཐོན་པོ་དང་ལེན་ནམ་ཡང་ན་གཞུང་དངུལ་སྤྱད་ནས་རོལ་རྩེད་དང་ལུས་སྦྱོང་བྱེད་སྒོའི་ནང་ཞུགས་པ་དང་།སྒྱིད་ལུག་རྣམ་གཡེང་བྱེད་པ།གཏན་འབེབས་ལས་འགལ་ནས་གཞུང་འཁོར་བཀོད་སྒྲིག་དང་བེད་སྤྱོད་སོགས་ཀྱི་ཐད་ཐག་གཅོད་བྱས་པའི་མི་གྲངས་ཀྱང་ཅུང་མང་པོ་ཡོད་པ་རེད།

    2012ལོའི་ཟླ་12ཚེས་4ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་སྐོང་ཚོགས་བྱས་ཏེ་ལས་ཀའི་སྤྱོད་ཚུལ་ལེགས་སྒྱུར་དང་མང་ཚོགས་དབར་འབྲེལ་གཏུག་དམ་ཟབ་བྱ་རྒྱུའི་སྐོར་གྱི་གཏན་འབེབས་དོན་ཚན་བརྒྱད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད།དུས་ཆེན་དང་གུང་གསེང་ནས་རྒྱུན་གཏན་འཚོ་བ་དང་།ཟ་འཐུང་ནས་འགྲུལ་བཞུད།ཚོགས་འདུ་ཁུ་བསྡུ་ནས་ཡིག་ཆ་ཉུང་འཕྲི་བཅས་པ་དེ་དག་ལག་བསྟར་ནན་པོ་དང་ལྟ་སྐུལ་བྱས་པས་སྤྱི་ཚོགས་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད།

རྩོམ་སྒྲིག་པ། མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག