མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་འཚོགས་གནང་བ།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-12-06 11:05

    གཞི་ཁྱོན་དེ་བས་ཆེ་བའི་སྒོ་ནས་ཀྲུང་ཀོན་གྲོང་ཚོའི་ཚོད་ལྟའི་སྲིད་ཇུས་ཁྱབ་གདལ་གཏོང་བ་དང་རྒྱལ་ཁབ་ཀྱི་རང་བདག་གསར་གཏོད་ཀྱི་དཔེ་སྟོན་ཁུལ་གསར་པ་བསྐྲུན་རྒྱུར་སྐུལ་འདེད་མགྱོགས་སུ་བཏང་སྟེ་སྤྱི་དམངས་ཀྱི་ལས་གཏོད་དང་མང་པོས་གསར་གཏོད་བྱ་རྒྱུར་སྔར་བས་སྐུལ་ལྕག་བྱ་རྒྱུའི་བཀོད་སྒྲིག་གནང་བ་དང་།གྲོང་གསེབ་ཀྱི་དངུལ་རྩའི་ཁྲལ་བསྡུའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས“ཞིང་གསུམ”གྱི་སྒྱུར་བཅོས་འཕེལ་རྒྱས་ལ་རོགས་སྐྱོར་བྱ་རྒྱུའི་གཏན་འབེབས་གནང་བ།

    ཟླ་12ཚེས་3ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་འཚོགས་ཏེ་གཞི་ཁྱོན་དེ་བས་ཆེ་བའི་སྒོ་ནས་ཀྲུང་ཀོན་གྲོང་ཚོའི་ཚོད་ལྟའི་སྲིད་ཇུས་ཁྱབ་གདལ་གཏོང་བ་དང་རྒྱལ་ཁབ་ཀྱི་རང་བདག་གསར་གཏོད་ཀྱི་དཔེ་སྟོན་ཁུལ་གསར་པ་བསྐྲུན་རྒྱུར་སྐུལ་འདེད་མགྱོགས་སུ་བཏང་སྟེ་སྤྱི་དམངས་ཀྱི་ལས་གཏོད་དང་མང་པོས་གསར་གཏོད་བྱ་རྒྱུར་སྔར་བས་སྐུལ་ལྕག་བྱ་རྒྱུའི་བཀོད་སྒྲིག་གནང་བ་དང་།གྲོང་གསེབ་ཀྱི་དངུལ་རྩའི་ཁྲལ་བསྡུའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས“ཞིང་གསུམ”གྱི་སྒྱུར་བཅོས་འཕེལ་རྒྱས་ལ་རོགས་སྐྱོར་བྱ་རྒྱུའི་གཏན་འབེབས་གནང་བ་རེད།

    ཚོགས་འདུའི་ཐོག“ཞིང་གསུམ”ལས་དོན་ནི་སྔ་ཕྱི་བར་གསུམ་དུ་སྲིད་གཞུང་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་ཡིན་པས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་།ཁ་ཕྱོགས་གཏན་འཁེལ་གྱི་སྙོམས་སྒྲིག་ཚོད་འཛིན་བླང་བྱ་གཞིར་བཟུང་ནོར་ཁྲལ་སྲིད་ཇུས་ལེགས་སུ་གཏོང་བ་བརྒྱུད་དངུལ་རྩས“ཞིང་གསུམ”འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྒུལ་ཤུགས་དང་ནུས་པ་ཆེ་རུ་གཏོང་རྒྱུ་དེས་འབྲུ་རིགས་བདེ་འཇགས་འགན་ལེན་དང་།ཞིང་པའི་ཡོང་འབབ་མང་དུ་གཏོང་རྒྱུ།གྲུབ་ཆ་ལེགས་སྒྲིག་བྱེད་མགྱོགས་སུ་གཏོང་རྒྱུ།ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པའི་ངོས་འཛིན་བྱས་པ་རེད།ཞིང་ལས་དངུལ་བུན་གཡར་བའི་མ་གནས་མཐོ་བ་དང་།ཉེན་ཁ་ཆེ་བ།ཡོང་འབབ་དམའ་བའི་ཞིང་དུད་ཀྱི་དངུལ་བུན་གཡར་དཀའ་བ་བཅས་ཀྱི་གནད་དོན་སྔར་བས་ཞི་ལྷོད་དུ་གཏོང་ཆེད་ཚོགས་འདུའི་ཐོག་གཤམ་གྱི་ལག་བསྟར་དུས་ཚོད་ཐིམ་པའི་སྲིད་ཇུས་ཁག་གཉིས་2016ལོའི་ཟླ་12ཚེས་31ཉིན་བར་སྣུར་སྲིང་བྱ་རྒྱུ་སྟེ།གཅིག་ནི་དངུལ་རྩའི་སྒྲིག་གཞིའི་སྒོར་ཁྲི་5ལས་མི་བརྒལ་བའི་ཞིང་དུད་ཀྱི་འབོར་ཉུང་དངུལ་བུན་གྱི་སྐྱེད་ཀའི་ཡོང་འབབ་ཀྱི་ལས་གཉེར་དཔྱ་ཁྲལ་མི་བསྡུ་བ་དང་90%གཞིར་བཟུང་ཁེ་ལས་ཀྱི་ཐོབ་ཁྲལ་གྱི་འཇལ་དགོས་ངེས་ཀྱི་ཐོབ་ཁྲལ་ཁོངས་སུ་བརྩིས་ནས་ཞིང་དུད་ལ་དངུལ་བུན་གཏོང་བའི་དངུལ་རྩའི་སྒྲིག་གཞིའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱ་རྒྱུ་དང་།གཉིས་ནི་འགན་བཅོལ་ཀུང་སིས་སྤེལ་བའི་འདེབས་འཛུགས་ལས་རིགས་དང་གསོ་སྤེལ་ལས་རིགས་ཀྱི་འགན་བཅོལ་ལས་སྒོའི་འགན་བཅོལ་གྲོན་དངུལ་ཡོང་འབབ་དེ90%གཞིར་བཟུང་ཁེ་ལས་ཀྱི་ཐོབ་ཁྲལ་གྱི་འཇལ་དགོས་ངེས་ཀྱི་ཐོབ་ཁྲལ་ཁོངས་སུ་བརྩིས་ནས་ཞིང་དུད་ཀྱི་འགན་བཅོལ་འགན་ལེན་དང་ཞབས་ཞུ་བྱེད་ཁྱོན་ཆེ་རུ་གཏོང་རྒྱུ་དང་དུས་མཚུངས་ཞིང་དུད་ཀྱི་དངུལ་བུན་གཡར་བའི་དགོས་མཁོ་དེ་གཙོ་བོ་སྒོར་ཁྲི་5ནས་སྒོར་ཁྲི་10བར་ཡིན་པའི་གནས་ཚུལ་ལ་དམིགས་ཏེ་ཁྲལ་བསྡུའི་གཟིགས་སྐྱོང་ལོངས་སུ་སྤྱོད་པའི་ཞིང་དུད་ཀྱི་འབོར་ཉུང་དངུལ་བུན་གྱི་བཅད་གྲངས་དེ་སྒོར་ཁྲི་5ནས་སྒོར་ཁྲི་10བར་མཐོ་རུ་གཏོང་བ་དང་འབྲེལ་རྫོང་ཁོངས་ཀྱི་གྲོང་གསེབ་ཀྱི་དངུལ་རྩའི་སྒྲིག་གཞིའི་འགན་བཅོལ་ལས་རིགས་ཡོང་འབབ་ཀྱི་3%གཞིར་བཟུང་ལས་གཉེར་དཔྱ་ཁྲལ་ཉུང་དུ་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་2016ལོའི་ལོ་མཇུག་བར་སྣུར་སྲིང་བྱ་རྒྱུའི་གཏན་འབེབས་བྱས་པར་ཞིང་ཕན་སྲིད་ཇུས་ཀྱི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱས་ནས་ཞིང་ལས་འཕེལ་རྒྱས་དང་ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་རེད།

    ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ཞིབ་འཇུག་བྱས་པ་རེད།

རྩོམ་སྒྲིག་པ། མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག