མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཝུའུ་ཧན་དུ་འཛམ་གླིང་ཐོག་བར་ཐག་རིང་ཤོས་ཀྱི་དཔྱང་ཟམ་ཉིས་བརྩེགས་ཅན་སྐྲུན་འགོ་ཚུགས་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-12-06 11:04

    ཟླ་12ཚེས་3ཉིན་གྱི་སྔ་དྲོའི་ཆུ་ཚོད་9པ་ཙམ་ལ་ཀྲུང་གོ་ལྕགས་ལམ་ཟམ་ཆེན་ཅུས་ཀྱིས་བསྐྲུན་འགན་འཁུར་བའི་འཛམ་གླིང་ཐོག་བར་ཐག་རིང་ཤོས་ཀྱི་དཔྱང་ཟམ་དང་འབྲི་ཆུའི་གཞུང་ལམ་གྱི་ཟམ་ཆེན་ཉིས་བརྩེགས་ཐོག་མ་ཡིན་པའི་ཝུའུ་ཧན་ཡང་སེ་གྲུ་ཁའི་འབྲི་ཆུའི་ཟམ་ཆེན་དངོས་སུ་སྐྲུན་འགོ་ཚུགས་པ་རེད།

    ཀྲུང་གོ་ལྕགས་ལམ་ཟམ་ཆེན་ཅུས་ཀྱི་སྤྱི་གཉེར་བ་ཧུའུ་ཧན་ཀྲོའུ་ཡིས་ཡང་སེ་གྲུ་ཁའི་འབྲི་ཆུའི་ཟམ་ཆེན་དེ་དཔྱོང་ཐེངས་གཅིག་ལ་ཆུ་ཁ་སྒྲོལ་བར་རིང་ཚད་སྨི་1700དང་ཁྱོན་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་4.13ཟིན་པ་དེའི་རྣམ་གྲངས་ཧྲིལ་པོར་ཟླ་54འགོར་རྒྱུ་དང་།རགས་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་85ཙམ་གཏོང་རྒྱུ་རེད།ཟམ་ཆེན་གྱི་སྟེང་ལ་རླངས་འཁོར་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་80གཏོང་ཆོག་པ་དང་ཁ་སྤྲོད་ངང་ཡོང་ཆོག་པའི་འཁོར་ལམ་དྲུག་དང་གཞོགས་གཉིས་སུ་ཡུལ་ལྗོངས་ལ་ལྟ་སའི་མཐོངས་རྒྱ་བཟོས་པ་དང་།འོག་མར་འཁོར་རིགས་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་60གཏོང་ཆོག་པ་དང་ཁ་སྤྲོད་ངང་ཡོང་ཆོག་པའི་འཁོར་ལམ་བཞི་དང་གཞོགས་གཉིས་སུ་འཕྲུལ་སྒུལ་མིན་པའི་འཁོར་རིགས་དང་མི་འགྲུལ་ལམ་བཟོས་ཡོད།

རྩོམ་སྒྲིག་པ། མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག