མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཀྲུང་གོ་དང་འཇར་པན་མཛའ་མཐུན་དུས་རབས་ཉེར་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཕྱོགས་གཉིས་ཀྱི་ཨུ་ཡོན་ཡོངས་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-05 11:10

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཞི་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་སྐབས་ལྔ་བའི་ཀྲུང་གོ་དང་འཇར་པན་མཛའ་མཐུན་དུས་རབས་ཉེར་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཕྱོགས་གཉིས་ཀྱི་ཨུ་ཡོན་ཡོངས་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཞི་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་སྐབས་ལྔ་བའི་ཀྲུང་གོ་དང་འཇར་པན་མཛའ་མཐུན་དུས་རབས་ཉེར་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཕྱོགས་གཉིས་ཀྱི་ཨུ་ཡོན་ཡོངས་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་འཇར་པན་གཉིས་ནི་ཁྱིམ་མཚེས་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླག་དང་གཏན་འཇགས་ངང་གོང་འཕེལ་དུ་འགྲོ་བ་དེ་ཕྱོགས་གཉིས་དང་ས་ཁུལ་གྱི་ཞི་བདེ་དང་། གཏན་འཇགས། དར་རྒྱས་བཅས་ལ་ཧ་ཅང་གལ་ཆེ། ཀྲུང་གོ་སྲིད་གཞུང་གི་འཇར་པན་བར་གྱི་འབྲེལ་བའི་གཞི་རྩའི་བྱེད་ཕྱོགས་ནི་སྔོན་ཆད་དང་གཅིག་འདྲ་ཡིན་ཏེ། ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞིས་གཏན་ལ་ཕབ་པའི་རྩ་དོན་སྣ་ཚོགས་ཀྱི་རྨང་གཞིའི་སྟེང་། ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་མ་འོངས་པར་ཁ་ཕྱོགས་པའི་རྣམ་འགྱུར་གྱིས་ཆབ་སྲིད་ཀྱི་བར་ཆད་མུ་མཐུད་སེལ་ནས། ཀྲུང་གོ་དང་འཇར་པན་གྱི་འཐབ་ཇུས་གཉིས་ཕན་འབྲེལ་བ་གོང་དུ་སྤེལ་རྒྱུ་དེ་ཡིན། ཆེ་ཕྱོགས་དང་ཡུན་རིང་ལ་དམིགས་ཏེ་ཕྱོགས་གཉིས་བར་བྱུང་བའི་རྩ་དོན་དང་ཐུན་མོང་ལྟ་བ་དོན་ཐོག་ཏུ་འཁྱོལ་བར་བྱས་ན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་ཀྱི་འཕེལ་རིམ་དེ་ད་གཟོད་མུ་མཐུད་བདེ་བླག་ཡིན་སྲིད་པས། འཇར་པན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླག་ངང་གོང་དུ་འཕེལ་བར་བར་ཆད་བྱེད་པའི་གནད་དོན་ལ་གཟབ་ནན་གྱི་རྣམ་འགྱུར་འཛིན་པ་དང་དེ་ལུགས་མཐུན་སྒོས་ཐག་གཅོད་རྒྱུ་ནི་ང་ཚོའི་རེ་བ་ཡིན་ཟེར།

ལིས་ཁི་ཆང་གིས་ཀྲུང་གོ་དང་འཇར་པན་མཛའ་མཐུན་དུས་རབས་ཉེར་གཅིག་པའི་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པའི་ཐད་མུ་མཐུད་དུ་ནུས་པ་བཟང་བོ་འདོན་རྒྱུའི་ཐུགས་རེ་བཏོན།

འཇར་པན་གྱི་དབུ་བཞུགས་ཨུ་ཡོན་ཞི་ཧྲི་ཐེ་སན་གྱིས་བཤད་རྒྱུར། འཇར་པན་དང་ཀྲུང་གོའི་འབྲེལ་བ་ནི་ཧ་ཅང་གལ་ཆེ་བས། ང་ཚོས་མུ་མཐུད་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ལ། རིམ་པ་མང་བོའི་བརྗེ་རེས་བརྒྱུད་དེ། ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་འདོད་ཡོད། འཇར་པན་དང་ཀྲུང་གོའི་མཛའ་མཐུན་དུས་རབས་ཉེར་གཅིག་པའི་ཨུ་ཡོན་ལྷན་ཁང་གིས་འཇར་པན་དང་ཀྲུང་གོའི་མཛའ་མཐུན་བརྗེ་རེས་ལ་ཡར་སྐུལ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་རྨང་གཞི་སྲ་བརྟན་དུ་གཏོང་བ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཡར་སྐུལ་བྱེད་པ་བཅས་ཀྱི་ཐད་མུ་མཐུད་དུ་ནུས་པ་བཟང་བོ་འདོན་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག