མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙུའུ་མཱ་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-05 11:10

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཞི་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཀྱི་ཙུང་ཐུང་ཙུའུ་མཱ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཞི་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཀྱི་ཙུང་ཐུང་ཙུའུ་མཱ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མ་གཉིས་ནི་གསར་དར་ཁྲོམ་རའི་རྒྱལ་ཁབ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ནི་ཕན་ཚུན་ལ་མཚོན་ན་གོ་སྐབས་ཡིན། ཀྲུའུ་ཞི་ཞི་ཅིན་ཕེན་དང་ཁྱེད་རྣམ་གཉིས་ཀྱི་མཇལ་འཕྲད་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་གོང་འཕེལ་དུ་འགྲོ་བར་ཡར་སྐུལ་ཆེན་པོ་བྱེད་ངེས། ཀྲུང་གོས་ཨ་ཧྥེ་རི་ཁ་ལྷོ་མའི་བར་གྱི་ཆབ་སྲིད་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་། ཁྱད་སྟོབས་གསབ་རེས་ཀྱིས་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་དེ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་འབྲེལ་བ་གོང་འཕེལ་དུ་སོང་བར་བསྟུན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པར་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མ་དེ་ཀྲུང་གོའི་ཐོན་ལས་ཀྱིས་ཕྱི་རྒྱལ་ནས་མ་དངུལ་གཏོང་ས་གཙོ་བོར་བརྩིས་ཏེ། རྒྱལ་ནང་གི་སྒྲིག་ཆས་གསར་བཟོའི་ལས་རིགས་ཆེ་གྲས་སོགས་ཁྱད་སྟོབས་ཐོན་ལས་ཨ་ཧྥེ་རི་ཁ་ལྷོ་མའི་བཟོ་ལས་ཅན་གྱི་འཕེལ་རིམ་ཁྲོད་ཞུགས་པར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་དང་མཉམ་དུ་ཨེ་པོ་ལཱ་ནད་ཡམས་འགོག་པར་མུ་མཐུད་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཟེར།

ཙུའུ་མཱ་ཡིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མ་དང་ཨ་ཧྥེ་རི་ཁ་གླིང་གི་ལྷག་བསམ་རྣམ་པར་དག་ཅིང་བློ་གཏད་ཆོག་པའི་གྲོགས་པོ་ཡིན་ལ། ཨ་ཧྥེ་རི་ཁ་གླིང་གི་འཕེལ་རྒྱས་དང་ཨེ་པོ་ལཱ་ནད་ཡམས་འགོག་པར་རོགས་རམ་དང་རྒྱབ་སྐྱོར་ཆེན་པོ་གནང་ཡོད། ཨ་ཧྥེ་རི་ཁ་ལྷོ་མས་ཀྲུང་གོའི་བར་གྱི་མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་དང་འབྱོར་ཚོང་། རྒྱ་མཚོའི་དཔལ་འབྱོར། མི་ཚུལ་སོགས་ཐད་ཀྱི་བརྗེ་རེས་དང་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག