མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གྲོང་གསེབ་ཀྱི་དངུལ་རྩའི་ཁྲལ་འབབ་གཟིགས་སྐྱོང་ཁག་ཅིག2013ལོའི་ལོ་མཇུག་བར་ནར་འགྱངས་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-12-05 11:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་གསུམ་གྱི་གོང་འཕེལ་དེ་དངུལ་རྩའི་རྒྱབ་སྐྱོར་དང་ཁ་བྲལ་ཐབས་མེད། ཞིང་ལས་དངུལ་བུན་གྱི་མ་གནས་མཐོ་བ་དང་། ཉེན་ཁ་ཆེ་བ། ཡོང་འབབ་དམའ་བའི་ཞིང་ཁྱིམ་དངུལ་བུན་གཡར་དཀའ་བ་སོགས་ཀྱི་གནད་དོན་སྔར་བས་ཞི་ལྷོད་དུ་གཏོང་ཆེད། སྤྱི་ཚེས་༣ཉིན་སྐོང་འཚོགས་བྱས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐོག ཞིང་པ་དང་འབྲེལ་བ་ཡོད་པའི་དངུལ་བུན་གྱི་ལས་གཉེར་དཔྱ་ཁྲལ་དང་། ཐོབ་ཁྲལ་སོགས་གྲོང་གསེབ་ཀྱི་དངུལ་རྩའི་ཁྲལ་འབབ་ཀྱི་གཟིགས་སྐྱོང་སྲིད་ཇུས་དེ2016ལོའི་ལོ་མཇུག་བར་ནར་འགྱངས་གཏོང་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད།

ནོར་སྲིད་པུས། ཞིང་གསུམ་གྱི་གོང་འཕེལ་ལ་སྔར་བས་རྒྱབ་སྐྱོར་བྱ་ཆེད། 2013ལོ་ནས་བཟུང་རང་རྒྱལ་གྱིས་གྲོང་གསེབ་ཀྱི་དངུལ་རྩའི་ནོར་ཁྲལ་སྲིད་ཇུས་ལ་ཟུར་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། ཁྲལ་འབབ་གཟིགས་སྐྱོང་དང་ཁ་ཕྱོགས་གཏན་འཁེལ་གྱི་བྱ་དགའ་དང་ཁ་གསབ་ཀྱི་སྲིད་ཇུས་ལ་བརྟེན་སྟེ། སྤྱི་ཚོགས་ཀྱི་མ་དངུལ་ཞིང་གསུམ་ཐད་གཏོང་རྒྱུ་སླར་གསོ་ཡོང་བར་སྣེ་འཁྲིད་བྱས་ཡོད་པ་རེད།

སྲིད་ཇུས་ཁག་གི་རྒྱབ་སྐྱོར་འོག རང་རྒྱལ་གྱི་གྲོང་གསེབ་གསར་པའི་དངུལ་རྩའི་ལས་ཁུངས་ཀྱང་གོང་འཕེལ་ཆེན་པོ་བྱུང་ཏེ། ཞིང་སྐྱོར་ཆུང་སྐྱོར་གྱི་སྒུལ་ཤུགས་དམག་ལྟ་བུར་འགྱུར་ཡོད། ནོར་སྲིད་པུའི་བསྡོམས་རྩིས་ལས་བསལ་བར། 2013ལོའི་ལོ་མཇུག་བར་སླེབས་སྐབས། རྒྱལ་ཡོངས་སུ་ཁྱོན་བསྡོམས་གྲོང་ཚོ་དང་གྲོང་བརྡལ་གྱི་དངུལ་ཁང987གྱིས་ལས་སྒོ་གཉེར་ཡོད་པ་དང་། དངུལ་བུན་ལྷག་མ་སྒོར་དུང་ཕྱུར3632ཟིན་ཞིང་། དུས་མཚུངས་དང་བསྡུར་ན་བརྒྱ་ཆ55.8འཕར་ཡོད་པ་དང་། དེའི་ནང་བརྒྱ་ཆ80ཡན་ཞིང་གསུམ་དང་ཁེ་ལས་ཆུང་གྲས་ལ་བཏང་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག