མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྩ་ཁྲིམས་སྲུང་རྒྱུའི་དམ་བཅའ་འཇོག་དགོས་ལ་རྩ་ཁྲིམས་ལྟར་བྱ་དོན་བསྒྲུབས་དགོས།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-12-05 11:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ12པའི་ཚེས4ཉིན། རྒྱལ་ཁབ་ཀྱི་གཞུང་གི་ལས་བྱེད་པ་མང་པོས་སྒམ་ནན་གྱིས་རྩ་ཁྲིམས་ལ་བརྩི་སྲུང་ཞུ་རྒྱུའི་དམ་བཅའ་བཞག་སྟེ། རྩ་ཁྲིམས་ལྟར་སྲིད་འཛིན་པའི་རྒྱལ་ཁབ་ཀྱི་ཆོད་སེམས་མངོན་པར་བྱས་ཡོད། ཡིན་ནའང་། གཞུང་གི་ལས་བྱེད་པ་ཚོས་སྐད་གསེང་མཐོན་པོས་དམ་བཅའ་བཞག་ཟིན་རྗེས། དེ་བས་དོ་སྣང་བྱེད་དགོས་ས་ཞིག་ནི་རྩ་ཁྲིམས་གྱི་དགོངས་དོན་སྲུང་རྒྱུ་དེ་ཡིན་ཞིང་། དབང་ཆ་བཀོལ་སྤྱོད་བྱེད་པའི་ནང་དངོས་སུ་རྩ་ཁྲིམས་ལྟར་བྱ་དོན་བསྒྲུབ་རྒྱུ་འགན་ལེན་བྱེད་དགོས།

རྒྱལ་ཁབ་ཀྱི་གཞུང་གི་ལས་བྱེད་པས་རྩ་ཁྲིམས་ལ་བརྩི་སྲུང་ཞུ་རྒྱུའི་དམ་བཅའ་འཇོག་པ་དང་། རྩ་ཁྲིམས་ཤེས་དགོས་ལ། རྩ་ཁྲིམས་ཀྱི་དགོངས་དོན་མངོན་པར་བྱེད་པའི་གཞི་རྩའི་ཁྲིམས་ལུགས་ཀྱང་ཤེས་པ་བྱས་ཚེ། གཞི་ནས་རྩ་ཁྲིམས་དང་ཁྲིམས་ལྟར་བྱ་དོན་བསྒྲུབས་རྒྱུ་མངོན་འགྱུར་ཡོང་ཐུབ། ཐེ་ཚོམ་བྱེད་མི་དགོས་པ་ཞིག་ནི། རྩ་ཁྲིམས་དང་ཁྲིམས་ལྟར་བྱ་དོན་བསྒྲུབས་སྐབས་རྒྱལ་ཁབ་ཀྱི་གཞུང་གི་ལས་བྱེད་པར་ལས་དོན་དངོས་ནང་དཀའ་ངལ་འཕྲད་རྒྱུ་ངེས་གཏན་ཡིན་སྟེ། འགྲོ་ལུགས་བརྒྱུད་པར་དུས་ཚོད་རིང་པོ་མགོར་བ་དང་། མི་ཤུགས་དང་ནོར་ཤུགས་འབོར་ཆེན་གཏོང་དགོས་པ་མ་ཟད། དེ་བས་དེར་ཐོབ་པའི་འབྲས་བུ་འགོ་འཁྲིད་མི་སྣའི་བསམ་དོན་དང་མཐུན་པའི་ངེས་པ་མེད་ལ། གལ་ཏེ་གོང་རིམ་འགོ་འཁྲིད་ཀྱི་ཡིག་ཆ་དང་། མཛུབ་སྟོན་དེ་རྩ་ཁྲིམས་དང་ཁྲིམས་ལུགས་དང་འགལ་ཟླ་ཐོན་ཚེ་དེ་བས་རྙོག་དྲ་ཆེན་པོ་ཡོད། དེར་བརྟེན། རྩ་ཁྲིམས་བརྩི་སྲུང་ཞུ་རྒྱུའི་དམ་བཅའ་འཇོག་པ་ཕུད། ད་དུང་ངེས་པར་དུ་རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ། རྩ་ཁྲིམས་ཀྱིས་ལག་ལེན་ནང་ནུས་པ་དངོས་ཐོན་ཐུབ་པ་བྱེད་དགོས་ཤིང་། རྩ་ཁྲིམས་ལས་འགལ་བའི་བྱ་སྤྱོད་ཐ་དག་ལ་ངེས་པར་དུ་འགན་འཁྲི་རྩད་གཅོད་དང་ཡོ་བསྲང་བྱེད་དགོས།

ལོ་གཅིག་ནང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་མ་གཞི་དུས་ཐུང་ཉིན་གཅིག་ལས་མེད་རུང་། སྤྱི་དམངས་མི་རེ་ངོ་རེ་དང་། ལྷག་པར་དུ་གཞུང་གི་ལས་བྱེད་པས་རྩ་ཁྲིམས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ། རྩ་ཁྲིམས་ཀྱི་རྩ་དོན་དངོས་སུ་དོན་འཁྱོལ་བྱེད་པ་བརྒྱུད། རྩ་ཁྲིམས་ཀྱིས་དངོས་སུ་མི་དམངས་ཀྱི་ཁེ་དབང་འགན་སྲུང་ཐུབ་པ་བྱས་ཚེ། རྩ་ཁྲིམས་ལ་དོ་སྣང་བྱེད་རྒྱུ་དེ་ཏན་ཏན་རྩ་ཁྲིམས་ཉིན་མོ་གཅིག་པུར་ལུས་མི་སྲིད།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག