མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྐབས་བཅུ་གཉིས་པའི་ཀྲུང་གོའི་ཨར་སྐྲུན་ལས་གཞིའི་ཀྲན་ཐེན་གཡོ་བྱ་དགའ་ཐོབ་མཁན་ཁྱབ་བསྒྲགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-12-05 11:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་གཉིས་པའི་ཀྲུང་གོའི་ཨར་སྐྲུན་ལས་གཞིའི་ཀྲན་ཐེན་གཡོ་བྱ་དགའ་སྤྱི་ཚེས4ཉིན་ཡོངས་བསྒྲགས་བྱས་པ་དང་། ཁུན་མིན་གནམ་ཐང་གསར་པ་སོགས་རྣམ་གྲངས28ལ་ཚན་རྩལ་གསར་གཏོད་ལས་གཞིའི་བྱ་དགའ་རག་ཡོད་པ་རེད།

ཀྲུང་གོའི་ཨར་སྐྲུན་ལས་གཞིའི་སློབ་ཚོགས་ཀྱི་ལས་འཛིན་དཔོན་ཀོ་ཡུན་ཁྲུང་གིས་ངོ་སྤྲོད་གནང་བར་གཞིགས་ན། བྱ་དགའ་རག་པའི་རྣམ་གྲངས་ལ་ལས་གཞིའི་འཆར་འགོད་དང་། སྦག་གཙོག་མེད་པའི་ཁོར་ཡུག་སྲུང་སྐྱོབ་ལག་རྩལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལག་རྩལ། ལོ་རྒྱུས་རིག་གནས་སྲུང་སྐྱོབ། ལས་གཞི་ཧྲིལ་པོའི་སྤུས་ཚད་དང་བདེ་འཇགས་ལྟ་ཞིབ་ཚད་ལེན་སོགས་ཚང་མའི་ཐད་གསར་གཏོད་ཀྱི་ཁྱད་ཆོས་ཆེན་པོ་ལྡན་ཡོད་པ་རེད། དཔེར་ན། ཁུན་མིན་གནམ་ཐང་གསར་པའི་ལས་གཞི་ནི་འཛམ་གླིང་ཧྲིལ་པོའི་ནང་ཡོམ་ཤུགས་ཆུང་གཏོང་ལག་རྩལ་བེད་སྤྱོད་བྱེད་ཁྱོན་ཆེ་ཤོས་ཀྱི་འགག་རྩའི་གནམ་ཐང་ལས་གཞི་ཞིག་ཡིན་ཞིང་། དེའི་ཡོམ་ཐེག་ཡོམ་འགོག་གི་ཕྱོགས་བསྡུས་ལག་རྩལ་གྱིས་ཡོམ་ཤུགས་ཆུང་གཏོང་ལག་རྩལ་རྒྱལ་ཐོན་ཅན་གྱི་གསར་གཏོད་སྐུལ་འཁྲིད་བྱས་པ་དང་། པེ་ཅིང་དང་ཧྲང་ཧད་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་གསར་གཏོད་འཆར་བཀོད་འདུ་ཤེས་དང་། ཨར་སྐྲུན་ལག་རྩལ། དོ་དམ་སྒྲིག་གཞི་བཅས་ཀྱིས་རང་རྒྱལ་མྱུར་བགྲོད་ལྕགས་ལམ་གྱི་འཛུགས་སྐྲུན་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་བཏང་བ་སོགས་བྱས་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག