མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་རྩ་ཁྲིམས་དྲིལ་སྒྲོག་སློབ་གསོའི་བྱ་བ་བཟང་བོར་སྒྲུབ་སྟེ་རྩ་ཁྲིམས་ཀྱི་སྙིང་སྟོབས་ཤུགས་ཆེན་པོས་འདོན་སྤེལ་བྱེད་དགོས་ཞེས་པའི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-04 14:28

ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། རྩ་ཁྲིམས་དྲིལ་སྒྲོག་སློབ་གསོའི་བྱ་བ་བཟང་བོར་སྒྲུབ་སྟེ་རྩ་ཁྲིམས་ཀྱི་སྙིང་སྟོབས་ཤུགས་ཆེན་པོས་འདོན་སྤེལ་བྱེད་དགོས་ཞེས་པའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་།

ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། རྩ་ཁྲིམས་དྲིལ་སྒྲོག་སློབ་གསོའི་བྱ་བ་བཟང་བོར་སྒྲུབ་སྟེ་རྩ་ཁྲིམས་ཀྱི་སྙིང་སྟོབས་ཤུགས་ཆེན་པོས་འདོན་སྤེལ་བྱེད་དགོས་ཞེས་པའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན། ཁྲིམས་འཛིན་པུའུ་བཅས་ཀྱིས་ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་རྩ་ཁྲིམས་དྲིལ་སྒྲོག་སློབ་གསོའི་བྱ་བ་བཟང་བོར་སྒྲུབ་སྟེ་རྩ་ཁྲིམས་ཀྱི་སྙིང་སྟོབས་ཤུགས་ཆེན་པོས་འདོན་སྤེལ་བྱེད་དགོས་ཞེས་པའི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མཛུབ་སྟོན་གལ་ཆེན་ལས་རྩ་ཁྲིམས་ཀྱི་གོ་གནས་གལ་ཆེན་རྒྱས་བཤད་ཟབ་མོ་བྱས་པ་དང་། རྩ་ཁྲིམས་ཀྱི་ནུས་པ་གལ་ཆེན་གཏན་འཁེལ་གསལ་བོ་བྱས་ནས། གནས་བབ་གསར་བའི་འོག རྩ་ཁྲིམས་ཀྱི་དྲིལ་སྒྲོག་སློབ་གསོའི་བྱ་བར་གཙིགས་འཛིན་བྱེད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། རྩ་ཁྲིམས་ཀྱི་ནུས་པ་སྔར་ལས་འདོན་སྤེལ་བྱེད་པ་བཅས་ཐད་ལ་རེ་བ་སྔར་ལས་ནན་མོ་བཏོན་པས། ང་ཚོས་ངེས་པར་དུ་དེར་སློབ་སྦྱོང་ནན་མོ་བྱེད་པ་དང་། གོ་བ་ཟབ་མོ་ལེན་པ། ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་དགོས་ཟེར།

ཀྲང་ཏི་ཅང་གིས་ནན་གྱིས་གསུངས་རྒྱུར། རྩ་ཁྲིམས་ཀྱི་དྲིལ་སྒྲོག་སློབ་གསོའི་བྱ་བ་བཟང་བོར་སྒྲུབ་པ་དང་། རྩ་ཁྲིམས་ཀྱི་སྙིང་སྟོབས་ཤུགས་ཆེན་པོས་འདོན་སྤེལ་བྱེད་པའི་དམིགས་ཡུལ་ནི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བཟང་བོ་བྱེད་པ་དང་། རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ལ། གཅིག་ནས་ཏང་གི་ལས་དོན་དང་མི་དམངས་ཀྱི་ཁེ་ཕན། རྩ་ཁྲིམས་དང་བཅའ་ཁྲིམས་བཅས་གཙོ་བོར་འཛིན་པ་རྒྱུན་འཁྱོིངས་བྱས་ནས། གཞུང་སྒྲུབ་མི་སྣའི་རྩ་ཁྲིམས་ཀྱི་འདུ་ཤེས་ཇེ་ཆེར་གཏོང་དགོས་པ་དང་། གཉིས་ནས་རྩ་ཁྲིམས་གཙོ་ཡིན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་བཏང་སྟེ། ཆ་ཚང་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྟེན་ནས་རྩ་ཁྲིམས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། རྩ་ཁྲིམས་ལག་བསྟར་བྱེད་པར་ཤུགས་སྣོན་དགོས། གསུམ་ནས་རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། རྩ་ཁྲིམས་དང་བཅའ་ཁྲིམས་ནུས་ཡོད་སྒོས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས། བཞི་ནས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ནས། ཏང་གི་མགོ་ཁྲིད་བྱེད་ཐབས་དང་སྲིད་འཛིན་བྱེད་ཐབས་སྔར་ལས་ཇེ་ལེགས་སུ་གཏོང་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲང་ཅན་གོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག