མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་ཐོག་མ་ཐོན་ལ་ཉེ་བའི་སྐབས་འདིར་རྩ་ཁྲིམས་ཀྱི་འདུ་ཤེས་ཇེ་ཆེར་གཏོང་བ་དང་རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-04 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་ཐོག་མ་ཐོན་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གཞི་རྩའི་བཅའ་ཁྲིམས་ཡིན་ལ། རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག་ཡིན་པར་མ་ཟད། ཏང་དང་མི་དམངས་ཀྱི་འདོད་བློ་གཅིག་སྡུད་སྒོས་མཚོན་པར་བྱས་པས། དེར་ཆེས་མཐོའི་བཅའ་ཁྲིམས་ཀྱི་གོ་གནས་དང་བཅའ་ཁྲིམས་ཀྱི་ཁེ་དབང་། བཅའ་ཁྲིམས་ཀྱི་ཕན་ནུས་བཅས་ལྡན། རང་རྒྱལ་གྱི་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་ལ། དོན་དངོས་དང་མཐུན་པར་མ་ཟད། དུས་རབས་ཀྱི་འཕེལ་རྒྱས་དགོས་མཁོ་དང་མཐུན་པའི་རྩ་ཁྲིམས་བཟང་བོ་ཞིག་ཡིན་ལ། རང་རེའི་རྒྱལ་ཁབ་དང་མི་དམངས་ལ་དཀའ་ཁག་དང་ཉེན་ཁ་སྣ་ཚོགས་ཀྱི་ཉམས་སད་ཐེག་ནས། དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་བརྒྱུད་དེ་མདུན་སྐྱོད་བྱེད་པའི་གཞི་རྩའི་བཅའ་ཁྲིམས་ཀྱི་ཁག་ཐེག་ཅིག་ཀྱང་ཡིན། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས་ན་ཐོག་མར་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་ལྟར་སྲིད་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས་ན་ཐོག་མར་རྩ་ཁྲིམས་ལྟར་སྲིད་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས། ཏང་གི་མགོ་ཁྲིད་དང་མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ཟུང་འབྲེལ་བཟང་བོ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་བློ་བརྟན་འགྱུར་མེད་སྒོས་རྒྱུན་འཁྱོངས་བྱེད་དགོས་ལ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁེ་དབང་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བྱེད་དགོས། རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་གཏན་ལ་ཕབ་པ་དང་བསྟུན་ནས། རྩ་ཁྲིམས་དྲིལ་སྒྲོག་དང་སློབ་གསོའི་བྱ་བ་བཟང་བོར་སྒྲུབ་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྩ་ཁྲིམས་ཀྱི་སྙིང་སྟོབས་འདོན་སྤེལ་བྱེད་པ། རྩ་ཁྲིམས་ཀྱི་འདུ་ཤེས་ཇེ་ཆེར་བཏང་སྟེ། རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པར་སྐུལ་འདེད་གཏོང་དགོས་པར་མ་ཟད། རྩ་ཁྲིམས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་། བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་ཡར་སྐུལ་གཏོང་བ་བཅས་ཁྲོད་ཀྱི་ནུས་པ་གལ་ཆེན་སྔར་ལས་འདོན་སྤེལ་བཟང་བོ་བྱེད་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག