མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

མ་དབྱིང་ཅེའུ་ཡིས་ལས་གནས་ནས་དགོངས་ཞུ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-12-04 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་གསུམ་ཉིན་གྱི་ཕྱི་དྲོ་ཀྲུང་གོའི་གོ་མིང་ཏང་གི་ཀྲུའུ་ཞི་མ་དབྱིང་ཅེའུ་ཡིས་གོ་མིང་ཏང་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་ཐོག ཏང་གི་ཀྲུའུ་ཞིའི་འགན་གནས་ནས་དགོངས་ཞུ་བྱས་ཡོད། གོ་མིང་ཏང་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དེ་རྗེས་ཏང་གི་སྒྲིག་ཡིག་གཞིར་བཟུང་། ད་ལྟ་འགན་གནས་བཞེས་བཞིན་པའི་ཀྲུའུ་ཞི་གཞོན་པ་དང་པོ་འུ་ཀོ་དབྱི་ནས་ཀྲུའུ་ཞིའི་འགན་གནས་ཀྱི་ཚབ་བཞེས་རྒྱུ་དང་། ཀྲུའུ་ཞི་གཞོན་པ་ཧུང་ཤོའུ་ཀྲུས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དྲུང་ཆེའི་འགན་ཚབ་བཞེས་ཏེ། སྤྱི་ཟླ་བཅུ་གཅིག་པའི་ཚེས་29ཉིན་ལས་གནས་ནས་དགོངས་ཞུ་བྱས་པའི་ཙེང་ཡུང་ཆོན་གྱི་ཚབ་བྱེད་རྒྱུའི་གྲོས་འཆམ་བྱུང་ཡོད་པ་རེད།

མ་དབྱིང་ཅེའུ་ནས་ལས་དགོངས་ཞུ་བའི་གཏམ་བཤད་སྤེལ་སྐབས། མཚམས་དེར་གོ་མིང་ཏང་སེམས་ཤུགས་ཆག་མེད་པས། ཀྲུའུ་ཞིའི་ལས་ཚབ་གནང་མཁན་གྱིས། ཏང་གི་ཀྲུའུ་ཞི་གསབ་འདེམས་བྱེད་པའི་ལས་འགན་མགྱོགས་མྱུར་ལེགས་གྲུབ་བྱེད་རྒྱུ་མ་ཟད། གསར་དུ་བསྐོ་བཞག་བྱས་པའི་ཏང་གི་ཀྲུའུ་ཞིས་ཏང་ཡོན་ཚང་མའི་སྣེ་ཁྲིད་དེ་མཉམ་ལས་མཐུན་སྒྲིལ་དང་ སྙིང་སྟོབས་ཆེར་བསྐྱེད་ཀྱིས། མང་ཚོགས་ནས་གོ་མིང་ཏང་ལ་སླར་ཡང་གོ་སྐབས་སྤྲད་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག