མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གཏན་འབེབས་བརྒྱད་ལག་བསྟར་བྱས་པའི་ལོ་གཉིས་ནང་མི་བརྒྱད་ཁྲི་ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-12-04 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་གིས་ལས་ཀའི་སྤྱོད་ཚུལ་ལེགས་བཅོས་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་དགོས་པའི་སྐོར་གྱི་གཏན་འབེབས་བརྒྱད་བཏོན་ནས་ལོ་གཉིས་སོང་ཚུན། རྒྱལ་ཡོངས་སུ་རིམ་བརྩིས་བྱས་ན་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་རྒྱབ་འགལ་བྱས་པའི་གནད་དོན62404རྩད་གཅོད་ཐུབ་པ་དང་མི82533ལ་ཞིབ་བཤེར་ཐག་གཅོད་བྱས་པ། དེ་དག་ཁྲོད་མི23259ལ་ཏང་ཁྲིམས་སྲིད་ཁྲིམས་ཀྱི་ཆད་པ་བཅད་ཡོད་པ་རེད།

ཞིབ་བཤེར་ཐག་གཅོད་ཐུབ་པའི་མི་སྣའི་ཁྲོད། ལས་ཀའི་སྒྲིག་ཁྲིམས་ལས་འགལ་བའི་དབང་གིས་ཞིབ་བཤེར་ཐག་གཅོད་བྱས་པའི་མི་གྲངས་མང་ཤོས་ཡིན་པ་དང་མི་གྲངས་38135ཟིན་པ་དེས། ཕྱེད་ཀ་ཙམ་ཟིན་ཡོད། གཞན་ཡང་གཏན་འབེབས་ལས་འགལ་ཏེ་གཞུང་སྤྱོད་རླངས་འཁོར་བེད་སྤྱོད་དང་། གཉེན་སྟོན་དང་གཤིན་པོའི་དུར་སྐྱེལ། དགའ་སྟོན་རྟེན་འབྲེལ་སོགས་ཤུགས་ཆེན་བྱེད་པ། གཞུང་གྲོན་བཏང་ནས་ཡུལ་སྐོར་དུ་འགྲོ་བ། གཞུང་དངུལ་སྤྱད་ནས་འཛད་སྤྱོད་མཐོ་བའི་རོལ་རྩེད་དང་ལུས་སྦྱོང་བྱེད་སྒོར་ཞུགས་པ། ཐ་ཤལ་དང་སྒྱིད་ལུག་སོགས་གནད་དོན་གྱིས་རྐྱེན་པས་ཞིབ་བཤེར་ཐག་གཅོད་བྱས་པའི་མི་གྲངས་ཡང་གྲངས་གནས་བཞི་ཡན་ཟིན་ཡོད་པ་རེད།

ཞིབ་བཤེར་ཐག་གཅོད་བྱས་པའི་ལས་བྱེད་པའི་ཁྲོད། ཤང་དང་ཁོའོ་རིམ་པ་ཡན་གྱི་མི་གྲངས་མང་ཤོས་ཡིན་ཞིང་། མི་གྲངས78767ཟིན་པ་དང་། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་མི་གྲངས3500ཡོད་པ། ས་གནས་དང་ཐིང་རིམ་པ་ཡན་གྱི་མི་གྲངས264ཟིན་པ། གཞན་ཡང་ད་དུང་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་ལས་བྱེད་པ་གཉིས་ལ་ཏང་ཁྲིམས་སྲིད་ཁྲིམས་ཀྱི་ཆད་པ་ཕོག་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག