མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ནང་གི་གྲོང་ཁྱེར་བརྒྱ་ཆ་བརྒྱད་ཅུའི་ཁང་གོང་ལོ་གཅིག་གོང་ལ་ལོག་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-12-04 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁང་པའི་ཁྲོམ་རའི་མཐུན་རྐྱེན་ལྡན་པའི་སྲིད་ཇུས་རབ་དང་རིམ་པར་བརྟེན་ཁང་པ་བྲིན་ཚད་འཕར་བ་དེས་སྤྱི་ཟླ11པར་ཁང་པའི་རིན་གོང་ཆག་པའི་འཕེལ་ཕྱོགས་ལ་འགྱུར་བ་གཏོང་ཐུབ་མེད།

ཀྲུང་གོའི་གྲངས་གཞི་ཞིབ་འཇུག་ཁང་གིས་ཉིན་ཤས་གོང་སྤེལ་བའི་གྲངས་གཞི་རུ་གསལ་བར་གཞིགས་ན། སྤྱི་ཟླ11པར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་བརྒྱའི་སྡོད་ཁང་གསར་པའི་ཆ་སྙོམས་རིན་གོང་སྨི་ངོས་སྙོམས་གྲུ་བཞི་མ་རེར་སྒོར10589ཟིན་པ་དང་། དུས་མཚམས་གོང་མ་དང་དུས་མཚུངས་གཉིས་ཀ་ལས་དམའ་བ་ཡོད་པ་རེད། གྲོང་ཁྱེར་བརྒྱའི་ནང་གྲོང་ཁྱེར82ཀྱི་སྡོད་ཁང་རིན་གོང་དུས་མཚུངས་ལས་ཆག་པ་དང་། རིན་གོང་ཆག་པའི་གྲོང་ཁྱེར་གྱི་ཁ་གྲངས་ཟླ་བ་གོང་མ་ལས་བཞི་ཡིས་མང་དུ་ཕྱིན་ཡོད་དེ། དེ་ཡང་གྲོང་ཁྱེར་བརྒྱ་ཆ་བརྒྱད་ཅུའི་ཁང་པའི་རིན་གོང་ལོ་གཅིག་གོང་གི་ཆུ་ཚད་དུ་ཕྱིར་ལོག་ཡོད་པ་རེད།

ཡིན་ནའང་ཟླ་བ10པ་དང་བསྡུར་ཚེ། པེ་ཅིང་དང་། ཧྲང་ཧའེ་སོགས་གྲོང་ཁྱེར་བཅུའི་སྡོད་ཁང་གསར་པའི་ཆ་སྙོམས་རིན་གོང་སླར་ཡང་འཕར་བའི་སྣང་ཚུལ་ཐོན་པ་དང་། ཟླ་བ6རིང་བསྟུད་མར་རིན་གོང་ཆག་རྗེས་ཟླ་བ11པར་ཅུང་ཟད་འཕར་བའི་སྣང་ཚུལ་ཐོན་འགོ་ཚུགས་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག