མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཐེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་སྐབས་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་ནས་ཚོགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-03 11:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་སྐབས་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚེས་གཉིས་ཉིན་པེ་ཅིན་ནས་ཚོགས། གྲོས་ཚོགས་ཀྱི་ནང་དོན་གཙོ་བོ་ནི་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ནས། ཐེ་ཝན་མནའ་མཐུན་སྐབས་དགུ་བའི་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཉན་པ་མ་ཟད་གྲོས་ཞིབ་བྱེད་རྒྱུ་དེ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཐེ་ཝན་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ལིན་ཝུན་དབྱི་ཡིས་སྐབས་དགུ་པའི་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ།

ལིན་ཝུན་དབྱི་ཡིས་ཉིས་སྟོང་བཅོ་ལྔ་ལོའི་བྱ་བར་རེ་བ་བཏོན། ལོ་གསར་བའི་ནང་དུ། མནའ་མཐུན་ཡོངས་ཀྱིས་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་བྱེད་པར་དམིགས་ནས། ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དམ་པོར་དམིགས་པ་དང་། དམངས་གཙོ་གྲོས་མོལ་དུ་ཞུགས་པའི་ནུས་པ་ཇེ་མཐོར་གཏོང་བ་དང་དམ་པོར་དམིགས་པ། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་དང་ཏང་མང་མཉམ་ལས་ལས་དོན་ཐད་ལ་བློ་འདོན་པ་དང་སྟོབས་ཤུགས་འབུལ་བ། འགྲམ་གཉིས་ཀྱི་སྤུན་ཟླའི་བར་སེམས་མཐུན་པའི་བྱ་བ་ཡར་སྐུལ་བྱེད་པར་དམ་པོར་དམིགས་པ་དང་། འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེ་ངང་འཕེལ་རྒྱས་དང་མེས་རྒྱལ་གཅིག་གྱུར་ཡོང་བར་སྟོབས་ཤུགས་ཕུལ་ནས། མེས་རྒྱལ་ཞི་བདེ་གཅིག་གྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་པ་བྱེད་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག