ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནན་ཅིན་དམར་གསོད་ཆེན་མོའི་ནང་རྐྱེན་ལམ་དུ་ཤོར་བ་རྣམས་ལ་རྒྱལ་ཁབ་ནས་སྤྱི་མཆོད་བྱེད་པའི་ཀློག་དེབ་ཅེས་པ་དེ་ཁ་སང་ནས་ནན་ཅིན་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་ཚན་ནང་བེད་སྤྱོད་གཏོང་འགོ་ཚུགས་ཡོད།
སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀར། ནན་ཅིང་སློབ་འབྲིང་དང་པོའི་ལོ་རྒྱུས་དགེ་རྒན་ཧྥན་ཧྲེ་ཝན་གྱིས་དམར་གསོད་ཆེན་མོའི་ནང་རྐྱེན་ལམ་དུ་ཤོར་བ་རྣམས་ལ་རྒྱལ་ཁབ་ནས་སྤྱི་མཆོད་བྱེད་པའི་ཀློག་དེབ་ཅེས་པ་དེ་བསྣམས་ནས་མཐོ་འབྲིང་གཉིས་པའི་སྨྱན་སྦྱོར་སློབ་ཁང་དུ་ཕེབས་ཡོད།
ཁོང་གིས་སློབ་མ་རྣམས་ལ། དེ་རིང་ངས་ཁྱེད་རྣམ་པར་ཁྱེར་ཡོང་བ་ནི་དམིགས་བསལ་གྱི་སློབ་དེབ་ཅིག་ཡིན། བསླབ་གཞི་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་སློབ་ཚན་འདི་སློབ་མའི་སློབ་སྦྱོང་སྐར་གྲངས་ནང་བརྩི་རྒྱུ་མིན་ལ། རྒྱུགས་ལེན་ཁྱབ་ཁོངས་ནང་དུའང་མེད། ཡིན་ནའང་འདི་ནི་ང་ཚོ་ནན་ཅིང་གྲོང་ཁྱེར་གྱི་དྲན་ཤེས་ཐོར་བཀོད་པ་ཞིག་ཡིན་ལ། དེ་བས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་བརྗེད་ཐབས་མེད་པའི་དྲན་འཆར་ཞིག་དང་། དེ་བས་ཀྱང་ང་ཚོ་མི་རེས་ངོ་རེས་བརྗེད་ཐབས་མེད་པའི་དྲན་འཆར་ཞིག་རེད་ཅེས་གསུངས་འདུག
སློབ་ཚན་ཐོག་རྒན་ཧྥན་ལགས་ནས་བརྙན་མཐོང་དངpptཟུང་འབྲེལ་ཐོག་ནས་སློབ་མ་རྣམས་ལ་སྐབས་དེའི་ཡིད་སྐྱོ་བའི་ལོ་རྒྱུས་དག་ལ་རྗེས་དྲན་གནང་ཡོད། །
རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།