མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཀྱི་མི་རིགས་ཀྱི་ཉོ་ཚོང་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཆིག་སྟོང་གསོ་སྐྱོང་དང་ཁེ་ལས་བརྒྱ་སྟོབས་ཆེར་གཏོང་བ་ཞེས་པའི་ལས་གཞི་ལག་བསྟར་བྱེད་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-12-03 11:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་དུས་རྒྱལ་ཡོངས་ཀྱི་མི་རིགས་ཀྱི་ཉོ་ཚོང་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཆིག་སྟོང་གསོ་སྐྱོང་དང་ཁེ་ལས་བརྒྱ་སྟོབས་ཆེར་གཏོང་བ་ཞེས་པའི་ལས་གཞི་ལག་བསྟར་བྱེད་འགོ་ཚུགས་པའི་ཚོགས་འདུ་དང2014ལོའི་མི་རིགས་ཀྱི་ཉོ་ཚོང་ལས་དོན་གྱི་ལས་ཡུལ་དངོས་ཀྱི་ཚོགས་འདུ་ཀོང་ཤི་ཀྲོང་རིགས་རང་སྐྱོང་ལྗོངས་ནན་ཉིང་དུ་འཚོགས་པ་རེད། གྲོས་ཚོགས་ཐོག་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་ཉོ་ཚོང་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་གནས་གཏན་འཁེལ་གྱི་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཆིག་སྟོང་གསོ་སྐྱོང་དང་ཁེ་ལས་བརྒྱ་སྟོབས་ཆེར་གཏོང་བའི་ལས་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། དུས་བབ་གསར་པའི་འོག་མི་རིགས་ཉོ་ཚོང་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་ཡོད།

མི་རིགས་ཀྱི་ཉོ་ཚོང་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཐོན་སྐྱེད་མཁོ་སྤྲོད་ཐད་ཟུར་སྐྱོར་བྱས་པ་དེས་མི་རིགས་མཐུན་སྒྲིལ་དང་། མཐའ་མཚམས་སྲ་བརྟན། སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལ་གལ་ཆེའི་ཆབ་སྲིད་དང་དཔལ་འབྱོར་དོན་སྙིང་ལྡན་ཡོད། ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལས་དོན་སྒྲུབ་སྟངས་དང་སྟེགས་བུ་གསར་གཏོད་བྱེད་ཆེད། རྒྱལ་ཁབ་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་གིས་ལོ་གསུམ་ནང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་གཙོ་གནད་ཐོག་མི་རིགས་ཉོ་ཚོང་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཆིག་སྟོང་གསོ་སྐྱོང་བྱ་རྒྱུ་དང་། དེ་དག་ཁྲོད་ནས་མི་རིགས་ཉོ་ཚོང་གི་ཁེ་ལས་བརྒྱ་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཐོན་སྐྱེད་བྱེད་མཁན་ཁེ་ལས་བརྒྱ་བདམས་ནས་གཙོ་གནད་ཐོག་ཟུར་སྐྱོར་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དཔལ་འབྱོར་གོང་འཕེལ་སིའི་སི་ཀྲང་ལེ་ཁྲང་ཧོང་གིས་མིག་སྔ་དང་སླད་ཕྱིན་དུས་མཚམས་ཤིག་རིང་གི་མི་རིགས་ཉོ་ཚོང་ལས་དོན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་གྱིས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། ཐུན་མོང་གཉིས་ཞེས་པའི་མི་རིགས་ལས་དོན་གྱི་བརྗོད་གཞི་གཙོ་བོ་ཁོང་དུ་ཆུད་པ། རྒྱལ་ཁབ་ཀྱི་སྤྱི་ཁོག་སྲིད་ཇུས་ལེགས་སྒྲིག་དང་སྒྲིག་གཞི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བླང་བྱ་དང་འཚམ་པ། སྒྱུར་བཅོས་གསར་གཏོད་རྒྱུན་འཁྱོངས་པ། འཐུས་ཚང་དང་གོང་མཐོར་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ནས། འབད་བརྩོན་ཆེན་པོས་མི་རིགས་ཀྱི་ཉོ་ཚོང་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཐོན་སྐྱེད་བྱས་ཏེ་དམངས་ཀྱི་འཚོ་བ་འགན་སྲུང་དང་། གོང་འཕེལ་ལ་འདེགས་སྐྱོར་ཐུབ་པ། ཞི་མཐུན་ལ་སྐུལ་མ་གཏོང་བ་བཅས་ཀྱི་གལ་ཆེའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག