མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་མི་དམངས་སློབ་ཆེན་གྱིས《2014ལོའི་ཀྲུང་གོའི་རྒྱུ་ནོར་དོ་དམ་སྙན་ཞུ》སྤེལ་བ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-12-02 11:28

    ཀྲུང་གོ་མི་དམངས་སློབ་ཆེན་ནོར་སྲིད་དངུལ་རྩ་སློབ་གླིང་དང་ཀྲུང་གོ་མི་དམངས་སློབ་ཆེན་རྒྱལ་སྤྱིའི་དངུལ་ལོར་ཞིབ་འཇུག་སུའོ་ཡིས་ཟླ་11ཚེས་29ཉིན་སྤེལ་བའི《2014ལོའི་ཀྲུང་གོའི་རྒྱུ་ནོར་དོ་དམ་སྙན་ཞུ》ལ་གཞིགས་ན།2020ལོ་བར་ཀྲུང་གོའི་མི་སྒེར་གྱི་རྒྱུ་ནོར་དོ་དམ་ཁྲོམ་རའི་གཞི་ཁྱོན་འཕར་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་97ཟིན་རྒྱུ་དང་།ཁྲོམ་རའི་གཞི་ཁྱོན་གྱི་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་227ཙམ་ཟིན་རྒྱུ་རེད།

    སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་གོའི་དཔལ་འབྱོར་ལོ་30ལྷག་ཙམ་རིང་རྒྱུན་མཐུད་དང་མགྱོགས་མྱུར་འཕར་ཡོད།དཔལ་འབྱོར་སྤྱི་ཡོངས་ནས་འཕེལ་རྒྱས་ཕྱིན་པ་དེས་སྤྱི་ཚོགས་ཀྱི་དཔལ་འབྱོར་གྱི་གྲུབ་ཆ་གཙོ་བོའི་རྒྱུ་ནོར་གྱི་ཆུ་ཚད་ཧ་ཅང་མཐོ་རུ་ཕྱིན་ཡོད།ཕྱོགས་གཅིག་ནས་དཔལ་འབྱོར་གྱི་སྒྲིག་གཞི་བསྒྱུར་བ་དེས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་དང་དཔལ་འབྱོར་གྱི་ཐོན་ཁུངས་མགྱོགས་མྱུར་ཚོང་ཟོག་ཅན་དང་མ་རྩ་ཅན་དུ་གྱུར་ནས་ལས་སྐྲུན་དང་།མ་འཇོགདོ་དམ།ཆེད་ལས་རྩལ་ནུས།དེ་བཞིན་ཐོན་ཁུངས་ཀྱི་བྱང་ཚད་སོགས་ཀྱི་ཐབས་ལམ་བརྒྱུད་དེ་ལག་འབབ་རིན་ཐང་གི་མི་ཚོགས་ཐོན་ཡོད།ཕྱོགས་གཞན་ཞིག་ནས་ཁེ་ལས་མགྱོགས་མྱུར་འཕར་བ་དེས་ཁྲིམས་མིའི་སྒྲིག་གཞི་མང་པོ་ཞིག་གི་རྒྱུ་ནོར་མགྱོགས་མྱུར་གསོག་ཐུབ་པ་བྱུང་ཡོད།མི་སྒེར་དང་ཚན་པའི་རྒྱུ་ནོར་མང་དུ་ཕྱིན་པ་དེས་སྤྱི་པའི་ནོར་སྲིད་ཀྱི་ཡོང་འབབ་མགྱོགས་མྱུར་འཕར་བ་དང་།རྒྱལ་ཁབ་ཀྱི་ཕྱི་དངུལ་ལྷག་གྲངས་ཀྱང་ལོ་རེ་བཞིན་འཕར་ཡོད།རྒྱུ་ནོར་གསར་གཏོད་དང་གསོག་འཇོག་གི་དུས་མཚམས་བརྒྱུད་རྗེས་མི་རྣམས་ཀྱིས་རྒྱུ་ནོར་གྱི་རིན་ཐང་འཕར་བ་དང་།དོ་དམ།ལོངས་སྤྱོད་བཅས་གསུམ་དབར་གྱི་དོ་སྙོམས་གནས་འཚོལ་འགོ་ཚུགས་ཡོད།རྒྱུ་ནོར་དོ་དམ་ལས་རིགས་དེ་ནས་བཟུང་ཀྲུང་གོར་དར་བ་དང་འབྲེལ་དུས་ཐུང་ལོ་ཤས་རིང་བརྗིད་རླབས་དགུང་འཕྱུར་གྱི་འཕེལ་རྒྱས་ཀྱི་རྦ་རླབས་འཕྱུར་ཡོད།

རྩོམ་སྒྲིག་པ། མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག