མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཀའོ་ལིས་ཀྱིས་རང་རྟོགས་སྒོས་ལྷད་མེད་འཕེལ་རྒྱས་ལ་ཡར་སྐུལ་བཏང་སྟེ་མཛེས་སྡུག་གི་ཀྲུང་གོ་ཧུར་ཐག་སྒོས་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་གསུངས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-02 10:46

ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀྲང་ཀའོ་ལིས་པེ་ཅིན་ནས་ཀྲུང་གོའི་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི2014ལོའི་ལོ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུངས་བཤད་གནང་།

ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོའི་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀྲང་ཀའོ་ལིས་པེ་ཅིན་ནས་ཀྲུང་གོའི་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་2014ལོའི་ལོ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུངས་བཤད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀྲང་ཀའོ་ལིས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་པེ་ཅིན་ནས་ཀྲུང་གོའི་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི2014ལོའི་ལོ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུངས་བཤད་གནང་།

    ཐེངས་འདིའི་ལོ་ཚོགས་ཀྱི་བརྗོད་བྱ་གཙོ་བོ་ནི་ལྷད་མེད་འཕེལ་རྒྱས་ཀྱི་དོ་དམ་ལམ་ལུགས་གསར་སྐྲུན་བྱེད་དགོས་ཞེས་པ་དེ་རེད། རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་གོ་དང་ཕྱི་རྒྱལ་ཕྱོགས་གཉིས་ཀྱི་ཀྲུའུ་ཞི་གཞོན་པས་ཞུ་ཚིག་ཕུལ་རྗེས། ཀྲང་ཀའོ་ལིས་ཀྱིས་གསུངས་བཤད་གནང་། ཁོང་གིས་གསུངས་རྒྱུར། ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཧ་ཅང་མཐོང་ཆེན་བྱས་ནས། ཁོར་ཡུག་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་གཞི་རྩའི་རྒྱལ་ཇུས་ཤིག་ཏུ་བརྩིས་ནས། རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་སྤྱིའི་བཀོད་སྒྲིག་ཁྲོད་བཞག་པར་མ་ཟད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་དེའི་ཐད་ལ་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དེའི་ཐད་ལ་རེ་བ་གསལ་བོ་བཏོན་པས། ཀྲུང་གོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་བཟང་བོར་སྒྲུབ་པར་ཧུར་ཐག་སྒོས་སྐུལ་འདེད་གཏོང་བཞིན་ཡོད་ཟེར།

    ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཀྲུང་གོས་སྒྲིག་གཞི་དང་ལམ་ལུགས་རྒྱུན་ཆད་མེད་པར་གསར་སྐྲུན་བྱས་ནས། རང་རྟོགས་སྒོས་ལྷད་མེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

    ཀྲང་ཀའོ་ལིས་ཀྱིས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་ངོ་ཉི་ཤུའི་རིང་ལ། ཀྲུང་གོའི་ལྷད་མེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ཀྲུང་གོ་སྲིད་གཞུང་གིས་སྔར་ལྟར་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་བྱེད་རྒྱུ་ཡིན་ལ། རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གིས་རིག་སྟོབས་མང་བོའི་ཁྱད་སྟོབས་དང་རྒྱལ་ཁབ་ཕྱི་ནང་གི་བརྗེ་རེས་ལམ་ལུགས་ཀྱི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ནས། ཀྲུང་གོ་དང་འཛམ་གླིང་གི་ལྷད་མེད་འཕེལ་རྒྱས་ཐད་ལ་བྱས་རྗེས་འཇོག་རྒྱུའི་རེ་བ་བཅངས་ཡོད་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག