མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གཞུང་ཞབས་པའི་རྒྱུགས་ལེན་མི་གྲངས་ཇེ་ཉུང་དུ་སོང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-12-01 11:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ11པའི་ཚེས30ཉིན་ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས་ཀྱི་གཞུང་ཞབས་པ་བསྡུ་ལེན་གྱི་ཡིག་རྒྱུགས་ལེན་འགོ་ཚུགས་པ་རེད། སྡོམ་རྩིས་བྱས་པ་ལྟར་ན་ཐེངས་འདིའི་རྒྱུགས་ལེན་ནང་ཁྱོན་སྡོམ་མི་ས་ཡ་གཅིག་དང་བཞི་འབུམ་ཆིག་ཁྲི་བསྡུ་ལེན་ལས་ཁུངས་ཀྱི་ཐོབ་ཐང་ཞིབ་བཤེར་ཐོབ་པ་དང་། མི་དགུ་འབུམ་ལྷག་རྒྱུགས་ལེན་ཁྲོད་ཞུགས་ཀྱང་རྒྱུགས་ལེན་གྱི་མི་གྲངས་ལོ་རྒྱུས་ཀྱི་ཡང་རྩེར་སོན་ཡོད། འོན་ཀྱང་མིང་ཐོ་བཀོད་པ་དང་དོན་དངོས་ཀྱི་རྒྱུགས་ལེན་ནང་ཞུགས་པའི་མི་གྲངས་གཉིས་ཇེ་ཉུང་དུ་སོང་ཞིང་། རྒྱུགས་ལེན་པས་མིང་ཐོ་འགོད་པའང་སྔར་བས་རང་ཚོད་ཟིན་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག