མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ནང་གི་རྦད་དེ་ས་འོག་ཡིན་པའི་ཕྱོགས་བསྡུས་རང་བཞིན་གྱི་འགྲིམ་འགྲུལ་ལྟེ་གནས་ཀྱི་གཙོ་གཟུགས་ལས་གཞི་ཆེ་ཤོས་དེ་ལས་མཇུག་སྒྲིལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-12-01 11:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ལྕགས་ལམ་འཛུགས་སྐྲུན་བཟོ་ལས་ཚོགས་པས་ཉིན་ཤས་གོང་ཟུར་གསལ་བྱས་པར། པེ་ཅིན་དང་ཐན་ཅིན་གྱི་གྲོང་ཁྱེར་ནས་གྲོང་ཁྱེར་བར་གྱི་ནར་བསྲིངས་ལམ་ཐིག་གི་ཡུས་ཅ་པའོ་འབབ་ཚིགས་ཀྱི་གཙོ་གཟུགས་ལས་གཞི་མཇུག་སྒྲིལ་ནས་མིག་སྔར་ཁྱོན་ཡོངས་ནས་ནང་ཁུལ་དུ་མཛེས་བཟོ་བྱེད་པའི་ལས་དོན་བསྒྲུབ་བཞིན་ཡོད། འཛུགས་སྐྲུན་ཟིན་པའི་རྗེས་ཡུས་ཅ་པའོ་འབབ་ཚིགས་དེ་རྒྱལ་ནང་གི་རྦད་དེ་ས་འོག་ཡིན་པའི་ཕྱོགས་བསྡུས་རང་བཞིན་གྱི་འགྲིམ་འགྲུལ་ལྟེ་གནས་ལས་གཞི་ཆེ་ཤོས་དེར་འགྱུར་རྒྱུ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། རྦད་དེ་ས་འོག་རྣམ་པའི་མྱུར་བགྲོད་ལྕགས་ལམ་གྱི་ས་ཚིགས་ཁང་པའི་ཇུས་འགོད་ཐད་ནུས་རྒྱུ་གྲོན་ཆུང་དང་ས་ཆ་གྲོན་ཆུང་གི་འདུ་ཤེས་མངོན་པ་ཕུད། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཐད་ལའང་དམིགས་བསལ་གྱི་བསམ་གཞིག་བྱས་ཡོད། དེང་རབས་ཅན་དང་། ས་ཁོངས་ཅན། རྒྱ་མཚོའི་འགྲམ་རྒྱུད་བཅས་ཀྱི་ཁྱད་ཆོས་གཅིག་ཏུ་འདུས་པའི་ས་ཚིགས་ཁང་པ་དེའི་བཟོ་ལྟའི་ཇུས་འགོད་ཐད་རྒྱ་མཚོའི་རིག་གནས་ལ་གཞིགས་ནས་ཇུས་འགོད་བྱས་ཤིང་། ནུབ་བྱང་རྒྱུད་ལ་བལྟས་ཚེ་ཉ་ལྕིབས་དང་འདྲ་བ་དང་། ཤར་ལྷོའི་བརྒྱུད་དེ་ཉ་གཟུགས་ཀྱི་འཁྱོག་དབྱིབས་དང་མཚུངས། དེ་ནི་ཕྱིན་ཆད་ཡུལ་སྐོར་བ་རྣམས་ཆར་གཡོལ་བྱེད་སའི་ཁུལ་ཡིན་ལ་ལྟེ་བའི་ཚོང་དོན་ཁུལ་གྱི་སྤྱི་གླིང་གི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་ཀྱང་ཡིན། ཡུས་ཅ་པའོ་དངུལ་རྩའི་ཁུལ་གྱི་སྤྱིའི་རྣམ་པར་འགན་སྲུང་བྱེད་ཆེད། ཐང་གུ་ས་ཚིགས་ནས་ཡུས་ཅ་པའོ་ས་ཚིགས་བར་བར་ཐག་སྤྱི་ལེ་ལྔ་ས་འོག་ཏུ་བསྐྱོད་དགོས་ཀྱི་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག