མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཧྭ་གསར་འགྱུར་ཁང་གི་དཔྱད་གཏམ་རྩོམ་ཡིག་འགོ་བརྗོད་དུ་ཕྱི་ཕྱོགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་ཞེས་པ་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-12-01 11:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིན་ཧྭ་གསར་འགྱུང་ཁང་གིས་སྤྱི་ཟླ་11པའི་ཚེས་29ཉིན་འགོ་བརྗོད་དུ་ཕྱི་ཕྱོགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་ཞེས་པའི་དཔྱད་གཏམ་རྩོམ་ཡིག་ཞིག་སྤེལ་འདུག

རྩོམ་ཡིག་ནང། མིག་སྔར། རང་རྒྱལ་དེ་ཉིད་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པ་དང་། ཀྲུང་གོ་དང་འཛམ་གླིང་གི་འབྲེལ་བར་གྱུར་བ་གཏིང་ཟབ་བྱུང་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་བར་མཉམ་འབྲེལ་མཉམ་འགུལ་བྱེད་རྒྱུ་དེ་གལ་ཆེན་པོར་གྱུར་ཡོད། དེར་བརྟེན། ཀྲུང་གོ་གོང་འཕེལ་གཏོང་དགོས་ན། ངེས་པར་དུ་འཛམ་གླིང་གོང་འཕེལ་གྱི་རླབས་རྒྱུན་དང་བསྟུན་པ་དང་འཛམ་གླིང་གི་མིག་རྒྱང་འཛུགས་པ་དང་དུས་རབས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པ་བྱེད་པ་དང་། དེང་དུས་འཛམ་གླིང་གི་གྱུར་ལྡོག་ལ་ངོས་འཛིན་ཡང་དག་དང་གསལ་པོ་ཡོང་བ་བྱས་ཏེ། སྣང་ཚུལ་མང་པོའི་ཁྲོད་ནས་ངོ་བོ་ཤེས་རྟོགས་དང་ལྷག་པར་དུ་ཡུན་རིང་གི་འཕེལ་ཕྱོགས་ལ་ངོས་འཛིན་གསལ་པོ་ཡོང་བ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་གྱི་གོང་འཕེལ་སྔར་བཞིན་འདུན་ལམ་ཆེན་པོ་ཡོད་པའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ལྡན་པའི་དུས་མཚམས་སུ་གནས་ཡོད་པ་དང་གོ་སྐབས་ཆེ་ཤོས་ནི་རང་ངོས་གོང་འཕེལ་དང་སྟོབས་ཆེ་རུ་ཟམ་མི་ཆད་པར་གཏོང་དགོས་པ་དང་དུས་མཚུངས། ཉེན་ཁ་དང་འགྲན་རྩོད་ཁག་ལ་མཐོང་ཆེན་བྱས་ཏེ། ཉེན་ཁ་གོ་སྐབས་སུ་འགྱུར་བ་དང་ཉེན་ཁ་བདེ་འཇགས་སུ་འགྱུར་ཐུབ་པ་བྱེད་དགོས་ཞེས་གསལ་བཏོན་གཏིང་ཟབ་གནང་ཡོད་ཅེས་འཁོད་ཡོད་པ་དང་།

རྩོམ་ཡིག་ནང་། དུས་བབ་གསར་པས་རང་རྒྱལ་གྱི་ཕྱི་ཕྱོགས་ལས་དོན་ལ་དེ་བས་མཐོ་བའི་བླང་བྱ་བཏོན་ཡོད། དེ་ཡང་། དུས་བབ་གསར་པར། ཕྱི་ཕྱོགས་ལས་དོན་གྱི་འཐབ་ཇུས་བཀོད་སྒྲིག་རྒྱ་སྐྱེད་གཏིང་ཟབ་གཏོང་དགོས། མཐའ་འཁོར་གྱི་ཕྱི་འབྲེལ་ལས་དོན་ལ་དམ་འཛིན་བྱེད་པ་ནས་རྒྱལ་ཁབ་ཆེན་པོའི་འབྲེལ་བར་འཆར་འགོད་བྱེད་པའི་བར་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་ནས་སྣ་མང་ཕྱི་འབྲེལ་ལ་སྐུལ་འདེད་གཏོང་བའི་བར། དངོས་གྲུབ་མཉམ་ལས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ་ནས་ཡང་དག་ལྟ་བ་དོན་འཁྱོལ་ཡག་པོ་བྱེད་པའི་བར། དེ་ནས་རང་རྒྱལ་གྱི་ཕྱི་རྒྱལ་དུ་ཡོད་པའི་ཁེ་ཕན་ལ་སྲུང་སྐྱོང་ཏན་ཏིག་བྱེད་པ་བཅས་ཀྱི་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི་གསུང་བཤད་ཀྱིས་ད་ལོ་དང་སླད་ཕྱིན་ཕྱི་ཕྱོགས་ལས་དོན་སྤེལ་བར་ཁྱོན་ཡོངས་དང་ཞིབ་ཕྲའི་འཆར་འགོད་གཏིང་ཡོད་ཅེས་ནན་སྟོན་བྱས་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག