མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུན་ནན་ཞའོ་ཝན་ཆུ་གློག་གློག་ཁང་གི་གནས་སྤོའི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་ཁ་ཤས་དོ་དམ་བེད་སྤྱོད་ཐད་གནད་དོན་ཡོད་པ་ཤེས་རྟོགས་ཐུབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-12-01 11:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡུན་ནན་ཞིང་ཆེན་ཞིབ་རྩིས་ཐིང་གིས་ཞིབ་རྩིས་ཁྲོད་ཡུན་ནན་ཞའོ་ཝན་ཆུ་གློག་གློག་ཁང་གི་གནས་སྤོའི་ཆེད་དོན་མ་དངུལ་དོ་དམ་བེད་སྤྱོད་བྱེད་པའི་ཐད་རྫུན་མ་བཟོ་བ་དང་། སྤོ་སྒྱུར་ཆེད་དོན་མ་དངུལ་སྒེར་སྤྱོད་བྱེད་པ། དེ་བཞིན་འཛུགས་སྐྲུན་རྣམ་གྲངས་གསར་སྣོན་བྱེད་པ། སུས་འཇོན་དེ་འགུག་མི་བྱེད་པ་སོགས་ཀྱི་གནད་དོན་ཡོད་པ་ཤེས་རྟོགས་ཐུབ་པ་བརྡ་ཁྱབ་བཏང་ཡོད། མིག་སྔར། ཞིབ་རྩིས་ཐིང་གིས་ཤེས་རྟོགས་ཐུབ་པའི་གནད་དོན་གཞི་རྩའི་ཆ་ནས་བཅོས་སྒྲིག་བྱས་ཡོད་པ་དང་། དེའི་ནང་ཀྲེན་ཁང་རྫོང་གནས་སྤོ་ཅུད་ཀྱིས་སྤ་སེ་རྫུན་མ་བྲིས་ནས་གནས་སྤོའི་ཆེད་དོན་མ་དངུལ་ཐོབ་ཐབས་བྱེད་པའི་གནད་དོན་དེ་གེང་མ་རྫོང་ཞིབ་དཔྱོད་ཁང་གིས་གྱོད་དོན་ཐོ་འགོད་དང་ཞིབ་བཤེར་རྩད་གཅོད་བྱེད་བཞིན་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག