མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལན་ཀྲོའུ་དང་ཤིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཀན་སུའུ་ཡི་དུམ་མཚམས་ཀྱི་ཆེད་དོན་གློག་མཁོ་འདོན་ལས་གཞིའི་ལམ་ཐིག་ཧྲིལ་པོ་འབྲེལ་མཐུད་ཐུབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-12-01 11:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ11པའི་ཚེས30ཉིན་གྱི་སྔ་དྲོ། ཅོའུ་ཆོན་ཧྲུན་ཧྭ་གློག་འགྱུར་ས་ཚིགས་ཀྱི་མཐའ་མའི་ཚོད་ལྟ་དང་སྐུད་ལམ་གྲངས་གཞིའི་དཔྱད་གཞིའི་གྲངས་ཚད་ཚད་ལེན་ཚོད་ལྟའི་ལས་དོན་མཇུག་སྒྲིལ་བས། ལན་ཀྲོའུ་ནས་ཤིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་ཀན་སུའུ་དུམ་མཚམས་ཀྱི་ཆེད་དོན་གློག་མཁོ་འདོན་ལས་གཞིའི་ལམ་ཧྲིལ་པོ་འབྲེལ་མཐུད་ཐུབ་པ་དང་རྒྱལ་ནང་གི་གློག་གནོན་རིམ་པ་ཆན་ཧྥུ330སྤྱད་དེ་གློག་མཁོ་འདོན་བྱས་པའི་ལྕགས་ལམ་ཆ་སྦྱོར་གློག་འདྲེན་རྣམ་གྲངས་ལ་ལྕགས་ལམ་ལམ་ཐིག་ཚང་མར་གློག་མཁོ་འདོན་བྱེད་པའི་ཆ་རྐྱེན་ཚང་མཁན་ཐོག་མ་དེ་ཡིན་པ་མཚོན་ཡོད་པ་རེད།

ཀན་སུའུ་ཞིང་ཆེན་གློག་ཤུགས་ཀུང་སིའི་འཛུགས་སྐྲུན་པུའུ་ཡིས། གློག་མཁོ་འདོན་ལས་གཞིས་གྲ་སྒྲིག་ཨང་གསར་བྱས་ཟིན་པས། དུས་ངེས་མེད་དུ་གློག་མཁོ་འདོན་བྱས་ཆོག་པས། ལན་ཀྲོའུ་དང་ཤིང་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་པ་ཁྱབ་བསྒྲགས་བྱེད་རྒྱུ་སྒུག་ནས་བསྡད་ཡོད་ཅེས་ངོ་སྤྲོད་བྱས་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ལན་ཀྲོའུ་ནས་ཤིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་གློག་མཁོ་འདོན་ལས་གཞི་ནི་རྒྱལ་ནང་གི་གློག་གནོན་རིམ་པ་ཆན་ཧྥུ330སྤྱད་པའི་གློག་མཁོ་འདོན་གྱི་ལྕགས་ལམ་ཆ་སྦྱོར་གྱི་གློག་འདྲེན་རྣམ་གྲངས་ཐོག་མ་དེ་ཡིན་པ་དང་། ལམ་ཐིག་ཡོངས་ལ་ཆན་ཧྥུ330འི་གློག་འདྲེན་སྐུད་ལམ34གསར་འཛུགས་བྱས་ཡོད་པ་རེད།

ལན་ཀྲོའུ་ནས་ཤིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་དེ་ཀན་སུའུ་དང་མཚོ་སྔོན། ཤིན་ཅང་བཅས་ཞིང་ལྗོངས་གསུམ་འཕྲེད་བརྒལ་བྱས་པ་དང་། རིང་ཚད་ཡོངས་ལ་སྤྱི་ལེ1776ཟིན་ཞིང་། མིག་སྔར་འཛམ་གླིང་ཐོག་ཐེངས་གཅིག་རང་བཞིན་གྱི་འཛུགས་སྐྲུན་ལམ་ཚད་རིང་ཤོས་ཀྱི་མྱུར་བགྲོད་ལྕགས་ལམ་ཞིག་ཡིན་པས། སྔོན་དཔག་ལྟར་ན་སྤྱི་ཟླ12པའི་ཟླ་མཇུག་གོང་ལམ་ཧྲིལ་པོ་ཤར་གཏོང་ལས་གཉེར་བྱེད་རྒྱུ་ཡིན་པས། ཀྲུང་གོའི་ནུབ་བྱང་ལ་མྱུར་བགྲོད་ལྕགས་ལམ་གྱི་དུས་རབས་ཤིག་ཤར་རྒྱུ་ཡིན་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག