མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སང་ལོརETCབྱང་བུ་རྒྱལ་ཡོངས་སུ་བཀོལ་སྤྱོད་བྱ་ཐུབ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-29 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས27ཉིན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཞུས་ཁྲེང་ཀོང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་སྐོང་འཚོགས་བྱས་པའི་འཆར་ཅན་ཁྱབ་བསྒྲགས་ཚོགས་འདུའི་ཐོག ད་ལོའི་ལོ་མཇུག་གི་གོང་དུ་ཧྭ་བྱང་གི་ཞིང་ཆེན་ལྔ་དང་འབྲི་ཆུ་ཟུར་གསུམ་མའི་ས་ཁུལ་གྱི་ཞིང་ཆེན་དྲུག དེ་མིན་ཧུའུ་ནན་དང་ཧྲའན་ཞི། ལིའོ་ཉིན་སོགས་ཞིང་ཆེན14རུ་རླངས་འཁོར་མི་འདུག་པར་གླ་རིམ་བསྡུ་བའི་གློག་རྡུལ་མ་ལག་གི་ས་ཁོངས་དྲ་འབྲེལ་བྱ་རྒྱུ་ཡིན་པ་དང་། 2015ལོའི་ཟླ9པའི་ཟླ་མཇུག་ལ་རྒྱལ་ཡོངས་སུ་དྲ་འབྲེལ་ཕལ་ཆེར་མངོན་འགྱུར་ཡོང་ཐུབ་རྒྱུ་རེད། སྐབས་དེར་རང་རྒྱལ་འདི་ཉིད་འཛམ་གླིང་ཐོག་གི་རིང་ཚད་ཆེས་རིང་བའི་མྱུར་བགྲོད་གཞུང་ལམ་གྱི་རླངས་འཁོར་མི་འདུག་པར་གླ་རིམ་བསྡུ་བའི་གློག་རྡུལ་མ་ལག་འཛུགས་ཐུབ་རྒྱུ་རེད་ཞེས་གསུངས།

ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རྒྱལ་ཡོངས་སུ་བསྡོམས་པས་ཞིང་ལྗོངས་དང་གྲོང་ཁྱེར་བཅས26ཏུ་རླངས་འཁོར་མི་འདུག་པར་གླ་རིམ་བསྡུ་བའི་གློག་རྡུལ་མ་ལག་གི་ཆེད་སྤྱོད་རླངས་འཁོར་བསྐྱོད་སའི་ལམ་བུ7600ཡོད་པ་དང། རླངས་འཁོར་མི་འདུག་པར་གླ་རིམ་བསྡུ་བའི་གློག་རྡུལ་མ་ལག་འཛད་སྤྱོད་མཁན་གྱི་གྲངས་ཀའང་བྱེ་བ1.3ལས་བརྒལ་བར་མ་ཟད། རིགས་མི་འདྲ་བའི་ཞབས་ཞུ་དྲ་འབྲེལ་ས་ཚིགས་ཀྱང13000ལྷག་ལས་བརྒལ་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག