མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཏང་སྲིད་ལས་ཁུངས་ཀྱི་གཞུང་དོན་ཁང་པའི་ཚད་གཞི་གསར་པ་བཟོས་པ།

  ཡོང་ཁུངས། ཀྲུང་གོའི་བོདཱ་སྐད་རླུང་འཕྲིན།  2014-11-29 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་དུས། རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུས། ཏང་སྲིད་ལས་ཁུངས་ཀྱི་གཞུང་དོན་ཁང་པ་འཛུགས་སྐྲུན་གྱི་ཚད་གཞི་ཡོངས་བསྒྲགས་བྱས་ནས། གཞི་ཁྱོན་ལས་བརྒལ་བ་དང་ཚད་གཞི་ལས་བརྒལ་བ། མ་འཇོག་ཚད་བརྒལ་བཅས་བྱས་ཏེ་ཏང་སྲིད་ལས་ཁུངས་ཀྱི་གཞུང་དོན་ཁང་པ་འཛུགས་སྐྲུན་བྱེད་མི་ཆོག་པ་དང་། གསར་དུ་འཛུགས་སྐྲུན་བྱས་པའི་རྣམ་གྲངས་ལ་ཐང་ཆེན་དང་སྤྱི་གླིང་ཆེ་གྲས་སོགས་སྒྲིག་བཀོད་ཆ་སྦྱོར་འཛུགས་སྐྲུན་བྱེད་མི་ཆོག་པ་གསལ་བཏོན་ཐེངས་དང་པོ་བྱས་ཡོད། ཀྲུང་དབྱང་ལས་ཁུངས་དང་ཞིང་ཆེན་རིམ་པའི་ལས་ཁུངས་ཀྱི་ཞིང་ཆེན་དང་པུའུ་རིམ་པའི་ལས་འགན་གཙོ་བོ་འཁུར་མཁན་གྱི་གཞུང་ལས་ཁང་གི་བེད་སྤྱོད་རྒྱ་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ54བར་རྒྱུན་འཁྱོངས་བྱེད་རྒྱུར་འགྱུར་བ་གཏོང་རྒྱུ་མིན་པ་དང་། གྲོང་ཁྱེར་རིམ་པའི་ལས་འགན་གཙོ་བོ་འཁུར་མཁན་གྱི་གཞུང་ལས་ཁང་གི་རྒྱ་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ32ནས42བར་མང་དུ་གཏོང་རྒྱུ་ཡིན་པ། རྫོང་རིམ་པའི་ལས་འགན་གཙོ་བོ་འཁུར་མཁན་གྱི་གཞུང་ལས་ཁང་གི་བེད་སྤྱོད་རྒྱ་ཁྱོན་དེ་སྨི་ངོས་སྙོམས་གྲུ་བཞི་མ20ནས30བར་མང་དུ་གཏོང་རྒྱུ་ཡིན་པ་རེད། ཤང་རིམ་པའི་ལས་ཁུངས་ཀྱི་གཞུང་དོན་ཁང་པའི་རྒྱ་ཁྱོན་དེ་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་ཀྲུང་དབྱང་གི་གཏན་འབེབས་དང་དགོངས་དོན་ལྟར་རང་ངོས་ནས་གཏན་འབེབས་བྱེད་རྒྱུ་དང་། རྩ་དོན་ཐོག རྫོང་རིམ་པའི་འགན་འཁུར་བ་གཞོན་པའི་ཚད་གཞི་ནས་བརྒལ་ཆོག་གི་མེད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག