མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཙུང་ལི་ལིས་ཁི་ཆང་རྒྱལ་ཁབ་རྟེན་མཛོད་ཁང་དུ་ཕེབས་ནས་མིའི་འཚོ་སྡོད་ཐད་ཀྱི་ཚན་རིག་ཞིབ་འཇུག་འགྲེམ་སྟོན་ལ་གཟིགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-29 11:14

333.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་ཉེར་བདུན་ཉིན་རྒྱལ་ཁབ་རྟེན་མཛོད་ཁང་དུ་ཕེབས་ནས། མིའི་འཚོ་སྡོད་ཐད་ཀྱི་ཚན་རིག་ཞིབ་འཇུག་འགྲེམ་སྟོན་ལ་གཟིགས།

444.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་ཉེར་བདུན་ཉིན་རྒྱལ་ཁབརྟེན་མཛོད་ཁང་དུ་ཕེབས་ནས། མིའི་འཚོ་སྡོད་ཐད་ཀྱི་ཚན་རིག་ཞིབ་འཇུག་འགྲེམ་སྟོན་ལ་གཟིགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་ཉེར་བདུན་ཉིན་རྒྱལ་ཁབ་རྟེན་མཛོད་ཁང་དུ་ཕེབས་ནས། མིའི་འཚོ་སྡོད་ཐད་ཀྱི་ཚན་རིག་ཞིབ་འཇུག་འགྲེམ་སྟོན་ལ་གཟིགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་ཉེར་བདུན་ཉིན་རྒྱལ་ཁབ་རྟེན་མཛོད་ཁང་དུ་ཕེབས་ནས། མིའི་འཚོ་སྡོད་ཐད་ཀྱི་ཚན་རིག་ཞིབ་འཇུག་འགྲེམ་སྟོན་ལ་གཟིགས། འགྲེམ་སྟོན་ཁང་ནས་ལིས་ཁི་ཆང་གིས་མིའི་འཚོ་སྡོད་ཐད་ཀྱི་ཚན་རིག་གི་ལོ་རྒྱུས་འཕོ་འགྱུར་དང་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་གནང་། ཁོང་གིས་གསུངས་རྒྱུར། མིའི་འཚོ་སྡོད་ཚན་རིག་ནི་ཨར་ལས་བཟོ་སྐྲུན་དང་། གྲོང་ཁྱེར་འཆར་འགོད། ས་རྒྱུས་དང་། ཁོར་ཡུག རིག་གནས་སོགས་ཁྱབ་ཁོངས་མང་བོའི་ཕྱོགས་བསྡུས་རང་བཞིན་གྱི་རིག་ཚན་ཞིག་རེད། ལིང་སི་ཁྲིན་སོགས་དགེ་རྒན་ཆེན་མོ་རྣམས་ནི་དེའི་ཕྱོགས་ཀྱི་ཕུལ་བྱུང་འཐུས་མི་ཡིན་པས། རེབ་འདིའི་འགྲེམ་སྟོན་བསྒྲུབས་ནས་སྤྱི་དམངས་ལ་འབྲེལ་ཡོད་ཤེས་བྱ་བསྒྲགས་ཏེ། རྣམ་པ་གསར་བའི་མཁར་གྲོང་ཅན་ཡར་སྐུལ་བྱེད་པའི་ཐད་ལ་ད་ཡོད་ཀྱི་དམིགས་ཡུལ་རང་བཞིན་ལྡན་ཟེར།

 རང་རྒྱལ་གྱི་མིའི་འཚོ་སྡོད་ཚན་རིག་གྲུབ་འབྲས་ཀྱི་དཔེ་མཚོན་མཚམས་སྦྱོར་བྱས་པར་ཉན་རྗེས། ལིས་ཁི་ཆང་གིས་གསུངས་རྒྱུར། རྣམ་པ་གསར་བའི་མཁར་གྲོང་ཅན་ཡར་སྐུལ་བྱེད་པ་དེ་མཐར་གཏུག་ནས་བཤད་ན་མི་དམངས་མང་ཚོགས་ཀྱི་འཚོ་བ་ཇེ་བཟང་དུ་བཏང་ནས་འཚོ་བ་སྐྱིད་པོ་ཞིག་རོལ་དུ་འཇུག་རྒྱུ་དེ་ཡིན་པས། ངེས་པར་དུ་ཚན་རིག་གི་འདུ་ཤེས་ཆགས་པར་བྱས་ནས། ཚན་རིག་ལྟར་འཆར་གཞི་འཐེན་དགོས་པ་དང་། རྒྱལ་ཁབ་ཀྱི་གནས་ཚུལ་ལ་རྐང་ཚུགས་ཏེ། རང་རྒྱལ་གྱི་ཞིང་བ་ཁྲག་ཁྲིག་མང་པོར་རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་འཕེལ་རྒྱས་གྲུབ་འབྲས་མྱངས་སུ་འཇུག་དགོས་ཟེར།

 ལིས་ཁི་ཆང་གིས་གསུངས་རྒྱུར། རྣམ་པ་གསར་བའི་མཁར་གྲོང་ཅན་ཡར་སྐུལ་བྱེད་རྒྱུ་དེ་ནི། མ་འོངས་པར་ཁ་ཕྱོགས་པ་དང་། བཅོས་སྒྱུར་གསར་སྐྲུན་རྒྱུན་འཁྱོངས་བྱས་ནས་གཅིག་གྱུར་འཆར་གཞི་འགོད་རྒྱུ་དེ་རེད། དེང་རབས་འགྲིམ་འགྲུལ་དང་འཕྲིན་གཏོང་རྨང་གཞིའི་སྒྲིག་ཆས་དང་དེའི་ཆ་རྐྱེན་མངོན་གསལ་སྒོས་ཇེ་བཟང་དུ་སོང་བ་དང་བསྟུན་ནས། རང་རྒྱལ་གྱི་མི་གྲངས་ཁྱབ་སྟངས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་ཡང་སྔར་ལས་ལུགས་མཐུན་དུ་གཏོང་ཆོག་པ་དང་། མི་དུང་ཕྱུར་གསུམ་གྱི་འཚོ་སྡོད་ཐག་གཅོད་པའི་གོ་རིམ་ཁྲོད་དུ་སྔར་ལས་དབུས་ནུབ་རྒྱུད་ཀྱི་མི་གྲངས་ལས་ཞུགས་བྱ་བ་ཡར་སྐུལ་བྱས་ནས། ཁྱབ་ཁོངས་འཕེལ་རྒྱས་སུ་གཏོང་བར་སྔར་ལས་མཐུན་སྦྱོར་བྱེད་དགོས་པའི་ཞོར་དུ། མི་གྲངས་མང་པོ་གྲོང་ཁྱེར་དུ་འཛོམས་པ་དང་བསྟུན་ནས་ངེས་པར་དུ་ནུས་ཁུངས་དང་ཆུ། ས་སྨུག སྐྱེ་ཁམས་སོགས་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས་པ་དང་། དེ་དག་ཐམས་ཅད་ཞིང་བ་ཁྲག་ཁྲིག་མང་པོའི་ཁེ་ཕན་ལ་རགས་ལས་པས། མི་སྡོད་ཚན་རིག་གིས་གནད་དོན་དེ་དག་ཐག་གཅོད་པར་དམ་པོར་དམིགས་ནས་ཞིབ་འཇུག་ཟབ་མོ་དང་བྱེད་ཐབས་བཟང་བོ་སྤྱོད་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག