མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་གལ་ཆེན་གྱི་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱེད་པའི་གནས་ཚུལ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་སྐུལ་སློང་ཚོགས་འདུ་པེ་ཅིན་ནས་ཚོགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-28 11:00

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་གལ་ཆེན་གྱི་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱེད་པའི་གནས་ཚུལ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་སྐུལ་སློང་ཚོགས་འདུ་ཚེས་ཉེར་བདུན་ཉིན་པེ་ཅིན་ནས་ཚོགས། ཀྲུང་དབྱང་གཞུང་སྒྲུབ་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཁང་མཉམ་འབྲེལ་མངག་གཏོང་ཁང་བཅས་ཀྱིས་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བརྒྱད་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅུ་དྲུག་ལ་སོང་ནས་ལྟ་སྐུལ་མཛུབ་སྟོན་བྱས།

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལྟར། ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་འོག། ཀྲུང་དབྱང་གཞུང་སྒྲུབ་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཁང་བཅས་ཀྱི་མཉམ་འབྲེལ་ལྟ་ཞིབ་མཛུབ་སྟོན་ཚན་ཆུང་གིས་ཉེ་བའི་ལོ་གཅིག་གི་རིང་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀོད་པའི་ཇུས་ཆོད་གལ་ཆེན་རབ་དང་རིམ་པ་དངོས་འབེབས་བྱེད་པའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ལྟ་ཞིབ་མཛུབ་སྟོན་ཐེངས་ཤིག་བྱས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། རེབ་འདིའི་ལྟ་ཞིབ་མཛུབ་སྟོན་བྱེད་པའི་ནང་དོན་གཙོ་བོ་ནི། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་གནད་དོན་འགའི་སྐོར་གྱི་ཆོད་དོན་བཀོད་སྒྲིག་གལ་ཆེན་དང་། ཉིས་སྟོང་བཅུ་གསུམ་ལོའི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་གཏན་ལ་ཕབ་པའི་ལས་འགན་གཙོ་བོ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་སྲིད་གཞུང་བྱ་བའི་སྙན་ཞུས་བཏོན་པའི་བྱ་བ་གལ་ཆེན་ཡོངས་འགྲུབ་བྱས་པའི་གནས་ཚུལ་ལ་ལྟ་ཞིབ་མཛུབ་སྟོན་བྱེད་རྒྱུ་དེ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག