མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གསོ་རིག་སློབ་གསོར་བརྟེན་ནས་ནད་ཐོག་སྨན་བཅོས་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བཅོས་སྒྱུར་བྱ་བའི་ཡར་སྐུལ་ཚོགས་འདུ་ཚེས་ཉེར་བདུན་ཉིན་པེ་ཅིན་ནས་ཚོགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-28 10:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསོ་རིག་སློབ་གསོར་བརྟེན་ནས་ནད་ཐོག་སྨན་བཅོས་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བཅོས་སྒྱུར་བྱ་བའི་ཡར་སྐུལ་ཚོགས་འདུ་ཚེས་ཉེར་བདུན་ཉིན་པེ་ཅིན་ནས་ཚོགས།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། སྨན་བཅོས་གསོ་རིག་སློབ་གསོའི་མཐུན་སྦྱོར་བྱ་བ་ནི་ནད་བརྟག་སྨན་བཅོས་གསོ་རིག་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ཐབས་ལམ་གཙོ་བོ་ཡིན་པས། རེབ་འདིར་ཆེད་དུ་ཡར་སྐུལ་ཚོགས་འདུ་བསྡུས་ནས། གསོ་རིག་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་ལས་དོན་ཕན་ཚུན་བར་ཡར་སྐུལ་དང་འཕེལ་རྒྱས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན། མི་དམངས་མང་ཚོགས་ལ་སྔར་ལས་ཆུ་ཚད་ཅུང་མཐོ་བའི་བདེ་ཐང་གི་སྲུང་སྐྱོང་བྱེད་པའི་སྨན་པ་མང་པོ་དགོས་ཟེར། སློབ་གསོ་པུའུ་དང་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་བྱ་བའི་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ཕྱོགས་དང་མཉམ་དུ། བཅོས་སྒྱུར་གསར་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། སྤྱི་ཚོགས་ཀྱི་དགོས་མཁོ་གཉིས་ཁ་ཕྱོགས་སུ་བརྩིས་ནས། གསོ་རིག་སློབ་གསོ་དང་གསོ་རིག་ཤེས་ལྡན་མི་སྣ་འཚར་ལོངས་འབྱུང་བའི་ཆོས་ཉིད་འཁོར་སྐྱོད་བྱེད་དགོས་པ་དང་། གསོ་རིག་ལ་བརྟེན་པའི་བྱེད་ཐབས་དང་ནང་རྐྱེན་གསར་བ་འཚོལ་ཞིབ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་གསོ་རིག་ཤེས་ལྡན་མི་སྣ་སྐྱེད་སྲིང་མ་ལག་འཛུགས་པའི་བྱ་བ་ཇེ་མགྱོགས་སུ་བཏང་ནས། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་དང་ཆུ་ཚད་ཇེ་མཐོར་བཏང་ནས། སྔར་ལས་བཟང་བོའི་སྒོ་ནས་རྒྱལ་དམངས་ཀྱི་བདེ་ཐང་འགན་སྲུང་བྱེད་པར་འདེགས་སྐྱོར་བྱེད་དགོས་པའི་རེ་བ་བཏོན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག