མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་གི་ལག་བསྟར་དོན་འཁྱོལ་གནས་ཚུལ་ལྟ་ཞིབ་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-28 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས27ཉིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གནས་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་སྐུལ་སློང་ཚོགས་འདུ་དེ་པེ་ཅིང་དུ་སྐོང་འཚོགས་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་མཉམ་འབྲེལ་ཐོག་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་ཁག་བརྒྱད་ཞིང་ལྗོངས་དང་། གྲོང་ཁྱེར16ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་མངགས་གཏོང་བྱས་ཡོད་པ་རེད།

གྲོས་ཚོགས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་འཁྲིད་དགོངས་དོན་ལ་གཞིགས་པ་དང་། ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ཏེ། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་དང་མཉམ་འབྲེལ་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་བའི་ལོ་གཅིག་ནང་བཏོན་པའི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པའི་དོན་འཁྱོལ་གནས་ཚུལ་ལ་ཁྱོན་ཡོངས་ནས་ལྟ་སྐུལ་ཞིབ་བཤེར་ཐེངས་ཤིག་བྱས་ཏེ། གལ་ཆེའི་ཐབས་ཇུས་བཀོད་སྒྲིག་གང་མགྱོགས་དོན་ཐོག་ཏུ་འཁྱོལ་བ་དང་། ཕན་འབྲས་དངོས་ཐོན་པ་བྱེད་རྒྱུ་དང་། གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་ཐོན་པའི་དཀའ་གནད་དང་གནད་དོན་ཐག་གཅོད་བྱེད་རྒྱུར་སྐུལ་འདེད་བཏང་སྟེ། དངོས་གཉེར་དར་སྤེལ་དང་། དོན་འཁྱོལ་དམ་འཛིན་བྱེད་པའི་རྣམ་པ་ཡག་པོ་ཞིག་གཏོད་རྒྱུ་ཡིན་ཞེས་བཏོན་པ་དང་།

གྲོས་ཚོགས་ཐོག ཐེངས་འདིའི་ལྟ་སྐུལ་ཞིབ་བཤེར་གྱི་གལ་ཆེའི་ནང་དོན་ནི། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེང་གསུམ་པའི་ཐོག་གྲོས་ཞིབ་བྱས་ཏེ་གྲོས་མཆམ་བྱུང་བའི་ཀྲུང་གུང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གལ་ཆེའི་གནད་དོན་འགའ་ཞིག་གི་གཏན་འབེབས་ཞེས་པའི་གལ་ཆེའི་བཀོད་སྒྲིག་དང་། 2013ལོའི་ཀྲུང་དབྱང་ནོར་དཔལ་ལས་དོན་གྲོས་ཚོགས་ཐོག་གཏན་འཁེལ་བྱུང་བའི་གཙོ་གནད་ལས་འགན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་མཆམ་བྱུང་བའི་སྲིད་གཞུང་ལས་དོན་སྙན་ཞུའི་ནང་བཏོན་པའི་གཙོ་གནད་ལས་དོན་གྱི་ལེགས་གྲུབ་གནས་ཚུལ་བཅས་ཡིན་ཞིང་། ཁྱོན་སྲིད་ཇུས་བྱ་ཐབས་ཕྱོགས་བརྒྱད་དང་ཁག35དང་འབྲེལ་བ་ཡོད་པ་རེད། གཙོ་གནད་ལྟ་སྐུལ་ཞིབ་བཤེར་བྱེད་ས་ནི། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གལ་ཆེའི་བཀོད་སྒྲིག་དང་། འཕར་སྣོན་བརྟན་དུ་གཏོང་བའི་སྲིད་ཇུས། གྲུབ་ཆ་ལེགས་སྒྲིག་གི་སྲིད་ཇུས། དམངས་ཀྱི་འཚོ་བའི་འགན་སྲུང་སྲིད་ཇུས་བཅས་ཀྱི་དོན་འཁྱོལ་གནས་ཚུལ་ཡིན་པ་དང་། ལྷག་པར་དུ་གཙོ་གནད་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ལ་འགག་གཏོར་གསར་པ་བྱུང་ཡོད་མེད་དང་། དཔལ་འབྱོར་འཁོར་རྒྱུག་སྐྱོན་བྲལ་དང་བརྟན་པོ་བྱུང་ཡོད་མེད། གྲུབ་ཆ་ལེགས་སྒྲིག་དང་སྤུས་ཚད་མཐོར་འདེགས། ལས་ཕྱོད་མཐོར་འདེགས་བཅས་ལ་འཕེལ་རིམ་ཐོན་ཡོད་མེད། མི་དམངས་མང་ཚོགས་ལ་ཕན་པ་དངོས་ཐོབ་ཡོད་མེད་བཅས་ལ་ཞིབ་བཤེར་བྱེད་རྒྱུ་དང་། ལྟ་སྐུལ་ཞིབ་བཤེར་བརྒྱུད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་རྒྱུ་དང་། ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་མགྱོགས་སུ་བཏང་སྟེ། གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་བྱེད་པའི་ཁྲོད་ཀྱི་དཀའ་གནད་སེལ་བ་དང་། ས་གནས་ཀྱིས་ཀྲུང་དབྱང་གི་གལ་ཆེའི་ཐབས་ཇུས་དོན་འཁྱོལ་བྱས་པའི་ཉམས་མྱོང་དང་ལས་དོན་བསྒྲུབས་ཐབས་ཕྱོགས་བསྡོམས་བརྒྱབ་སྟེ། ཧེ་བག་དང་གནད་དོན་འཚོལ་ཞིབ་དང་། རྒྱུ་རྐྱེན་དབྱེ་ཞིབ་བྱེད་པ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་བཅོས་སྒྲིག་བླང་བྱ་འདོན་པ། བཅོས་སྒྲིག་དོན་འཁྱོལ་ལ་ངོ་བོའི་རང་བཞིན་གྱི་འཕེལ་རིམ་ཐོན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།

གྲོས་ཚོགས་ཐོག ཞུགས་མོལ་ཚོགས་འདུ་བརྒྱུད་ས་གནས་དེ་གའི་ཏང་ཨུད་དང་། སྲིད་གཞུང་། དེ་བཞིན་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་ལག་བསྟར་དོན་འཁྱོལ་གནས་ཚུལ་གྱི་ལས་དོན་སྙན་ཞུ་ཉན་དགོས་པ་དང་། འཐབ་ས་དང་པོར་ཟབ་བསྐྱོད་བྱས་ཏེ་ཐད་ཀར་གཞི་རིམ་གྲོང་ཁུལ་དང་། ཁེ་ལས། མང་ཚོགས་བཅས་ཀྱི་བསམ་འཆར་དང་གྲོས་འགོ་ཉན་དགོས་པ། ས་གནས་ཀྱིས་ཀྲུང་དབྱང་གི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་པའི་འཕེལ་རིམ་ཡག་པོ་དང་ཕན་འབྲས་ཤེས་རྟོགས་ཐུབ་པ་བྱེད་དགོས་པ། ས་གནས་ཀྱིས་སྲིད་ཇུས་དོན་འཁྱོལ་བྱེད་པའི་ཁྲོད་གནས་པའི་དཀའ་ངལ་དང་གནད་དོན་གཙོ་བོ་ཤེས་རྟོགས་བྱེད་དགོས་པ། ལྟ་སྐུལ་ཞིབ་བཤེར་བྱེད་ཐབས་གསར་གཏོད་བྱས་ཏེ། གཙོ་གནད་སྲིད་ཇུས་བྱ་ཐབས་ཁག་ཅིག་གི་དོན་འཁྱོལ་གནས་ཚུལ་ལ་ཕྱོགས་གསུམ་པས་དཔྱད་དཔོག་དང་དྲ་ཐོག་ཏུ་སྤྱི་ཚོགས་ནས་དཔྱད་དཔོག་བྱེད་བཅུག་སྟེ། སྤྱི་ཚོགས་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་ཤེས་རྟོགས་བྱེད་དགོས་པ། བསྡུར་བ་བཏང་སྟེ་དབྱེ་ཞིབ་བྱེད་པ་བརྒྱུད་ལྟ་སྐུལ་ཞིབ་བཤེར་གྱི་ཕན་འབྲས་དངོས་ཤུགས་ཆེར་གཏོང་བ། ལྟ་སྐུལ་དངོས་དང་ཞིབ་བཤེར་དངོས་བྱེད་པ་དང་། བཅོས་སྒྲིག་ལ་སྐུལ་མ་གཏོང་བ་བརྒྱུད། རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། དེ་བཞིན་དེའི་སྡེ་ཁག་གི་ཁྱོན་ཡོངས་ཀྱི་འདུ་ཤེས་དང་འགན་འཁྲིའི་བསམ་པ་ཤུགས་ཆེར་བཏང་སྟེ། ཕན་འབྲས་དངོས་ཐོན་པའི་དངོས་གཉེར་སྤྱོད་ཚུལ་ཐོག་ནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པ་བྱེད་པ་དང་། མི་དམངས་མང་ཚོགས་ལ་ཁས་ལེན་བྱས་པ་ཁ་བཤད་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག