མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་ཕྲུ་གུ་གཉིས་པ་སྐྱེ་མཁན་གྱིས་ཕྲུ་གུ་གཅིག་རང་གི་འགྲོ་གྲོན་ཚུར་སློག་དགོས་མིན་ཐད་ལན་ཆ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-28 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་། ཀྲེན་ཀྲའུ་ཡི་བུད་མེད་ཁྲེན་ལགས་ཀྱིས་ཕྲུ་གུ་གཉིས་པ་སྐྱེ་ཆོག་པའི་རེ་ཞུ་བྱེད་སྐབས། ངེས་པར་དུ་དེའི་གོང་ལོངས་སྤྱོད་བྱས་པའི་ཕྲུ་གུ་གཅིག་རང་གི་འགྲོ་གྲོན་ཚུར་སློག་དགོས་པའི་བརྡ་བཏང་ཡོད་པ་དང་། རྒྱུ་མཚན་ནི་ཧ་ནན་ཞིང་ཆེན་མི་འབོར་དང་འཆར་ལྡན་བུ་བཙའི་སྲོལ་ཡིག་ནང་། ཕྲུ་གུ་གཉིས་པ་སྐྱེ་ཆོག་པའི་དབང་ཆ་ཐོབ་མཁན་ནས་ཕྲུ་གུ་གཅིག་རང་གི་ཕ་མ་ཡིན་པའི་གཟི་བརྗིད་ལག་ཁྱེར་དང་ལེན་ཟིན་པའི་ཕྲུ་གུ་གཅིག་རང་གི་ཕ་མའི་བྱ་དགའ་དང་བྱ་དགའ་གཞན་ཚུར་སློག་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད།

རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས། ཀྲུང་དབྱང་གི་བུ་བཙའི་སྲིད་ཇུས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བའི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་ཆེད། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་ད་ལོའི་ལོ་འགོར་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུ་བཙའི་སྲིད་ཇུས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་བརྡ་ཐོ་པར་འགྲེམ་བྱས་ནས། བུ་བཙའི་སྲིད་ཇུས་ཀྱི་ཆ་སྒྲིག་སྲིད་ཇུས་བྱ་ཐབས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ་དང་འབྲེལ་ཡོད་ལས་དོན་ཐད་ཞིབ་ཕྲའི་བླང་བྱ་བཏོན་ཡོད་པ་དང་། བཟའ་ཚང་ཕྱོགས་གཅིག་ལ་གཅེན་གཅུང་མེད་པའི་བཟའ་ཚང་ནས་སླར་ཡང་ཕྲུ་གུ་སྐྱེ་རྒྱུའི་རེ་ཞུ་བྱེད་པར། ཕྲུ་གུ་གཅིག་རང་གི་ཕ་མའི་གཟི་བརྗིད་ལག་ཁྱེར་མེད་པ་བཟོ་བ་དང་། ཕྲུ་གུ་གཅིག་རང་གི་ཕ་མ་ཡིན་པའི་བྱ་དགའ་དང་གཟིགས་སྐྱོང་ཐོབ་ཆ་ལོངས་སྤྱོད་བྱ་རྒྱུ་མཚམས་འཇོག་བྱེད་དགོས། དེའི་གོང་ལོངས་སྤྱོད་བྱས་པ་རྣམས་ཚུར་སློག་མི་དགོས་ཞེས་གསལ་པོ་བཏོན་ཡོད་ཅེས་གསུངས་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག