མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སློབ་མའི་རྐང་རྩེད་སྤོ་ལོའི་ཆུ་ཚད་སློབ་མའི་ཕྱོགས་བསྡུས་བྱང་ཚད་དཔྱད་འཇོག་ནང་འཇོག་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-28 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས26ཉིན་སློབ་གསོ་པུའུ་ཡི་པུའུ་ཀྲང་ཡོན་ཀུའེ་རེན་གྱིས་རྒྱལ་ཡོངས་ན་གཞོན་སློབ་རའི་རྐད་རྩེད་སྤོ་ལོའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ་སློབ་རའི་རྐད་རྩེད་སྤོ་ལོ་ལ་སྐུལ་སློང་གི་ལམ་ལུགས་ཤིག་ཆགས་སུ་འཇུག་རྒྱུ་ཡིན་པ་དང་། སློབ་མའི་རྐང་རྩེད་སྤོ་ལོའི་ཆུ་ཚད་དེ་སློབ་མའི་ཕྱོགས་བསྡུས་བྱང་ཚད་དཔྱད་འཇོག་ནང་བཀོད་ཅིང་། ཟིན་ཐོ་གསལ་བོ་དང་ཡིག་ཚགས་སུ་བཞག་ནས་རིམ་པ་གོང་མའི་སློབ་གྲྭས་སློབ་བསྡུའི་དཔྱད་གཞིར་འཇོག་དགོས་ཞེས་གསུངས་ཡོད་པ་རེད།

ཡོན་ཀུའེ་རེན་གྱིས་རྐང་རྩེད་སྤོ་ལོ་འདི་སློབ་གྲྭའི་ལུས་རྩལ་སློབ་ཁྲིད་ཀྱི་མ་ལག་ནང་བཞག་པ་དང་། ལུས་རྩལ་སློབ་ཁྲིད་ཀྱི་ནང་དོན་གཙོ་ཤོས་སུ་བྱས་ཏེ་སློབ་མར་རྐང་རྩེད་སྤོ་ལོ་རྩེད་པའི་གོ་སྐབས་བསྐྲུན་དགོས། སློབ་རའི་རྐང་རྩེད་སྤོ་ལོའི་བྱེད་སྒོ་སྤེལ་བའི་རྨང་གཞིའི་ཐོག གཙོ་བོ་ས་གནས་ཁག་ཏུ་ཡོད་པའི་རྐང་རྩེད་སྤོ་ལོའི་ཁྱད་ལྡན་སློབ་གྲྭར་རྒྱབ་སྐྱོར་བྱས་ཏེ་གནད་གཅིག་གིས་ཁྱོན་ཡོངས་ཁྲིད་པ་ཡིས་སློབ་རའི་རྐང་རྩེད་སྤོ་ལོ་ཁྱབ་གདལ་ཏུ་གཏོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག