མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ནུས་ཁུངས་གསར་བའི་རླངས་འཁོར་ཁྱབ་གདལ་ཏུ་བཏང་བའི་གྲོང་ཁྱེར་ལ་ཀྲུང་དབྱང་ནོར་སྲིད་ཀྱིས་བྱ་དགའ་གནང་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-28 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས26ཉིན་ནོར་སྲིད་པུའུ་ཡིས་གནས་ཚུལ་སྤེལ་ཏེ། ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་བཀོད་སྒྲིག་བྱས་ཏེ་ནུས་ཁུངས་གསར་བའི་རླངས་འཁོར་ཁྱབ་གདལ་ཏུ་བཏང་བའི་གྲོང་ཁྱེར་ལ་གློག་གསོག་འཕྲུལ་ཆས་འཛུགས་སྐྲུན་གྱི་བྱ་དགའ་གནང་རྒྱུ་ཡིན་ཞེས་བསྟན་པ་དང་། ཁྱབ་བསྒྲགས་བྱས་པའི་བྱ་དགའི་ཚད་གཞིར་གཞིགས་ན། སང་ལོའི་ལོ་གཅིག་གི་ནང་ནུས་ཁུངས་གསར་བའི་རླངས་འཁོར་ཉིས་ཁྲི་ལྔ་སྟོང་ཁྱབ་གདལ་ཏུ་བཏང་བའི་གྲོང་ཁྱེར་ལ་བྱ་དགའི་སྒོར་དུར་ཕྱུར་གཅིག་ལྷག་སྟེར་རྒྱུ་རེད།

ནོར་སྲིད་པུའུ་དང་ཚན་རྩལ་པུའུ། བཟོ་ལས་དང་ཆ་འཕྲིན་པུའུ། དེ་མིན་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་བཅས་མཉམ་འབྲེལ་ཐོག་སྤེལ་བའི་ནུས་ཁུངས་གསར་བའི་རླངས་འཁོར་གྱི་གློག་གསོག་འཕྲུལ་ཆས་འཛུགས་སྐྲུན་གྱི་བྱ་དགའི་བརྡ་ཐོ་ཞེས་པ་ལྟར། བྱེད་ཐབས་འདི་བཏོན་པའི་དམིགས་ཡུལ་ནི་ནུས་ཁུངས་གསར་བའི་རླངས་འཁོར་གྱི་གློག་གསོག་འཕྲུལ་ཆས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ་ནུས་ཁུངས་གསར་བའི་རླངས་འཁོར་ཐོན་ལས་བརྟན་ལྷིང་ངང་གོང་འཕེལ་ཏུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག