མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

2013ལོའི་ལོ་མཇུག་བར་དུ་རྒྱལ་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་ཁྲི378.5ཟིན་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-28 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས27ཉིན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཞུས་ཁྲེང་ཀོང་གིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག 2013ལོའི་ལོ་མཇུག་བར་དུ་རྒྱལ་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་ཁྲི་378.5ཟིན་པ་དང་། བརྒྱ་ཆའི99.97གྱི་ཞང་དང་གྲོང་རྡལ་དང་། བརྒྱ་ཆའི99.7ཡི་སྒྲིག་ཁོངས་ལྡན་པའི་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཡོད་ཞེས་བརྡ་ཁྱབ་བཏང་བ་རེད། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་དུས་མཚུངས་སུ2003ལོ་ནས2013ལོའི་བར་གྱི་ཀྲུང་གོའི་གྲོང་གསེབ་གཞུང་ལམ་གོང་འཕེལ་གྱི་ལོ་ངོ་བཅུ་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་སྤེལ་བ་དང་། དཔེ་ཆ་དེའི་ནང་དུ2003ལོའི་ཚུན་གྱི་གྲོང་གསེབ་གཞུང་ལམ་གོང་འཕེལ་གྱི་གྲུབ་འབྲས་དང་གོང་འཕེལ་གྱི་བརྒྱུད་རིམ། ད་དུང་མ་འོངས་པའི་གོང་འཕེལ་གྱི་དམིགས་འདུན་དང་འགན་འཁྲི་གཙོ་བོ་བཅས་ཕྱོགས་ཡོངས་ནས་བཀོད་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག