མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སློབ་གསོ་པུའུ་ཡིས་ཧེ་ལུང་ཅང་གི་རང་རྒྱུགས་བར་བརྒྱུད་ལས་ཁུངས་ཀྱིས་ཁྲིམས་འགལ་བྱེད་སྒོ་སྤེལ་བར་ཆད་པ་གཅོད་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-28 10:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས26ཉིན་གྱི་སྔ་དྲོར་གསར་འགྱུར་ཚན་པ་ཞིག་གིས་ཧེ་ལུང་ཅང་ཞིང་ཆེན་གྱི་རང་རྒྱུགས་བར་བརྒྱུད་ལས་ཁུངས་ཀྱིས་ཁྲིམས་འགལ་བྱེད་སྒོ་སྤེལ་བའི་གནས་ཚུལ་བསྒྲགས་རྗེས། སྤྱི་ཚོགས་ཡོངས་སུ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ། སློབ་གསོ་པུའུ་ཡི་འབྲེལ་ཡོད་འགན་ཁུར་བས་ཁྲིམས་དང་མི་མཐུན་པའི་རྒྱུགས་གཞི་རོགས་རམ་གྱི་བྱེད་སྒོ་འདི་ཡིས་རྒྱལ་ཁབ་ཀྱི་སློབ་གསོའི་སྒྲིག་ལམ་ལ་བར་ཆད་ཚབས་ཆེན་བཟོས་པ་མ་ཟད། མཐོ་རིམ་སློབ་གསོའི་རང་རྒྱུགས་རྒྱུགས་ལེན་གྱི་ཡིད་ཆེས་ལའང་གནོད་པ་ཚབས་ཆེན་བཟོས། སློབ་གསོ་པུའུ་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ནང་གི་གནད་དོན་དང་ཁུངས་སྣེ་ལ་འབྲེལ་ཡོད་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་རྟོག་ཞིབ་བྱ་དགོས་པ་ལས་གཞན། གལ་ཏེ་དོན་དངོས་ཡིན་ན་སྒྲིག་འཛུགས་དང་མི་སྣ་གང་ཡིན་རུང་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པ་ལས་ངན་ལང་དུ་མི་གཏོང་པའི་བཀའ་ཕབ་ཡོད་ཞེས་གསུངས་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག