མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕ་ལི་སི་ཐན་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོར་དྲན་གསོ་ཞུ་བའི་ཚོགས་ཆེན་བསྡུས།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-26 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕ་ལི་སི་ཐན་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོར་དྲན་གསོ་ཞུ་བའི་ཚོགས་ཆེན་བསྡུས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཞི་ཅིན་ཕེན་གྱིས་གློག་འཕྲིན་ནང་གསུངས་རྒྱུར། ལོ་རྒྱུས་ལས་དྲག་ཤུགས་ཀྱིས་ཞི་བདེ་སྐྲུན་ཐབས་མེད་པ་དང་གྲོས་མོལ་ནི་ཕན་ཚུན་བར་གྱི་འགལ་བ་ཐག་གཅོད་པའི་ཐབས་ལམ་ཁོ་ན་ཡིན་པ་བདེན་དཔང་བྱས་ཡོད། ཀྲུང་གོས་ཕ་ལི་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་སྔ་མོ་ནས་ཞི་བའི་གྲོས་མོལ་བྱས་ཏེ། ཞི་བདེ་ལ་གོ་སྐབས་སྐྲུན་ནས་མི་དམངས་ལ་བདེ་འཇགས་སྐྲུན་དགོས་པའི་རེ་བ་བཅངས་ཡོད་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་ཕ་ལི་སི་ཐན་མི་དམངས་ཀྱིས་མི་རིགས་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པར་བརྩོན་ལེན་བྱེད་པའི་དྲང་བདེན་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་ཡིན། ཕ་ལི་སི་ཐན་དང་དབྱི་སི་རལ་ཞི་བདེ་ཡོང་བ་མངོན་འགྱུར་བྱེད་པ་ནི་འཛམ་གླིང་མི་དམངས་ཀྱི་ཐུན་མོང་རེ་བ་ཡིན་པ་དང་། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་དེའི་ཐད་ལ་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག