མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྐབས་དང་པོའི་རྒྱལ་ཁབ་ཀྱི་དྲ་བའི་བདེ་འཇགས་ཀྱི་དྲིལ་བསྒྲགས་གཟའ་འཁོར་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-26 10:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་དང་པོའི་རྒྱལ་ཁབ་དྲ་བའི་བདེ་འཇགས་ཀྱི་དྲིལ་བསྒྲགས་གཟའ་འཁོར་སྤྱི་ཟླ་བཅུ་གཅིག་པའི་ཚེས་24ཉིན་ནས་30ཉིན་བར་སྐོང་འཚོགས་བྱེད་རྒྱུ་ཡིན་པ་རེད།

ཐེངས་འདིའི་དྲིལ་བསྒྲགས་གཟའ་འཁོར་གྱིས་ཐུན་མོང་ཐོག་དྲ་བའི་བདེ་འཇགས་འཛུགས་པ་དང་དྲ་བའི་ཤེས་དཔལ་མཉམ་སྤྱོད་བྱེད་པ་ཞེས་པས་བརྗོད་དོན་གཙོ་བོ་བྱས་ཏེ། དངུལ་རྩ་དང་གློག་འཕྲིན། གློག་རྡུལ་སྲིད་དོན། གློག་རྡུལ་ཚོང་དོན་སོགས་ཁྱབ་ཁོངས་གཙོ་བོ་དང་ལས་རིགས་དྲ་བའི་བདེ་འཇགས་གནད་དོན་ལ་གཞིགས་པ་དང་། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གཙོ་གནད་གནད་དོན་ལ་དམིགས་ཏེ། དྲ་བའི་བདེ་འཇགས་ཀྱི་མཉམ་ལེན་འགྲེམ་སྟོན་སོགས་བརྗོད་དོན་རབ་དང་རིམ་པའི་དྲིལ་བསྒྲགས་བྱེད་སྒོ་གཉེར་རྒྱུ་ཡིན་པ་རེད།

སྤྱི་ཟླ་བཅུ་གཅིག་པའི་ཚེས་24ཉིན་ནས་བཟུང་། དྲིལ་བསྒྲགས་གཟའ་འཁོར་གྱིས་ཁག་སོ་སོར་འགོ་ཚུགས་ཉིན་མོ་ཞེས་པ་དང་སྲིད་དོན་ཉིན་མོ་ཞེས་པ། དངུལ་རྩའི་ཉིན་མོ་ཞེས་པ། ཐོན་ལས་ཉིན་མོ་ཞེས་པ། གློག་འཕྲིན་ཉིན་མོ་ཞེས་པ། གཞོན་ནུའི་ཉིན་མོ་ཞེས་པ། ཁྲིམས་སྐྱོང་ཉིན་མོ་ཞེས་པ་སོགས་བརྗོད་དོན་གཙོ་བོ་བདུན་གྱི་དྲིལ་བསྒྲགས་ཉིན་མོ་སྒྲིག་འཛུགས་བྱས་པ་དང་། མིག་སྔའི་དྲ་བའི་བདེ་འཇགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་གཞིགས་ཏེ། ཆེད་དོན་དྲིལ་བསྒྲགས་བྱེད་སྒོ་གཉེར་རྒྱུ་དང་། དེས་རང་རྒྱལ་གྱི་དྲ་བའི་བདེ་འཇགས་ལས་་དོན་གྱི་གྲུབ་འབྲས་གསར་པ་དང་འཕེལ་རིམ་གསར་པ། ཕན་འབྲས་གསར་པ་བཅས་མངོན་རྒྱུ་མ་ཟད། ད་དུང་གློག་འཕྲིན་ཐོག་ནས་ཁ་བསླུས་རྒྱག་པ་དང་དྲ་བའི་དཀྲོག་གཏམ་སོགས་སྤྱི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་རྒྱུན་གཏན་གྱི་དྲ་བའི་བདེ་འཇགས་ཉེན་ཁར་གཞིགས་ཏེ། གཞི་རྩའི་དྲ་བའི་བདེ་འཇགས་ཀྱི་འགོག་སྲུང་རྩལ་ནུས་ཁྱབ་གདལ་གཏོང་རྒྱུ་ཡིན་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག