མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིང་ཆེན་དང་གྲོང་ཁྱེར་བརྒྱད་ཀྱིས་ནུས་རྒྱུ་གྲོན་ཆུང་གི་ཞབས་ཞུའི་ལས་རིགས་ཀྱི་མཉམ་ལས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-26 10:45

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྲང་ཧའེ་གྲོང་ཁྱེར་ནུས་རྒྱུ་གྲོན་ཆུང་ཞབས་ཞུའི་ལས་རིགས་མཐུན་ཚོགས་ཀྱིས་འབོད་སྐུལ་བྱས་པ་དང་པེ་ཅིན་གྲོང་ཁྱེར་དང་ཀུའེ་ཀྲོའུ་ཞིང་ཆེན། ནན་ཅིང་གྲོང་ཁྱེར། ཧེང་ཀྲའུ་གྲོང་ཁྱེར། ཧོ་ཧྥེང་གྲོང་ཁྱེར། ཤི་ཨན་གྲོང་ཁྱེར། ཧུའུ་ཧན་གྲོང་ཁྱེར་གྱི་ནུས་རྒྱུ་གྲོན་ཆུང་གི་ཞབས་ཞུའི་ཐོན་ལས་མཐུན་ཚོགས་དང་ཞབས་ཞུའི་ལྟེ་གནས་ཞུགས་པའི་ཞིང་ཆེན་དང་གྲོང་ཁྱེར་བརྒྱད་ཀྱི་ནུས་རྒྱུ་གྲོན་ཆུང་གི་ཞབས་ཞུའི་ལས་རིགས་ཀྱི་མཉམ་ལས་སྤེལ་རེས་ཞིབ་བསྡུར་ཚོགས་འདུ་ཐེངས་དང་པོ་དེ་ཉེ་དུས་ཧྲང་ཧའེ་རུ་སྐོང་འཚོགས་བྱས་པ་དང་། གྲོས་ཚོགས་ཐོག ཞིང་ཆེན་དང་གྲོང་ཁྱེར་བརྒྱད་ཀྱི་ནུས་རྒྱུ་གྲོན་ཆུང་གི་ཞབས་ཞུའི་ལས་རིགས་ཀྱི་སྒྲོམ་གཞིའི་མཉམ་ལས་གྲོས་མཐུན་ཞེས་པར་གྲོས་ཆམ་བྱུང་ཡོད་པ་རེད།

གསར་འགོད་པས་ཤེས་རྟོགས་བྱུང་བར། ནུས་རྒྱུ་གྲོན་ཆུང་གི་ཞབས་ཞུའི་ཁེ་ལས་ཕྱིར་བསྐྱོད་པའི་གོང་འཕེལ་ཁྲོད། ས་གནས་དེ་གའི་སྲིད་ཇུས་དང་ཁྲིམས་སྲོལ། འཆར་འགོད། ཚད་གཞི། ཁོར་ཡུག་བཅས་ལ་རྒྱུས་མངའ་མེད་པས། རྣམ་གྲངས་ཀྱི་ངོ་འཕྲད་གྲོས་མོལ་དང་སུས་ཇོན་དེ་འགུག དེ་བཞིན་ནུས་པའི་འབྱུང་ཁུངས་རྣམ་གྲངས་ཀྱི་བྱ་དགའ་རེ་ཞུ་དང་མ་རྩ་རུབ་སྡུད་ཀྱི་བུ་ལོན་གཡར་བ་སོགས་ཀྱི་ཐད་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཡོད་པས། མགྱོགས་མྱུར་ཐག་གཅོད་བྱེད་དགོས་ཀྱང་སྡེ་ཚན་གང་ཞིག་བཙལ་ནས་མཐུན་སྦྱོར་བྱེད་དགོས་མིན་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

འཐུས་མི་ཚོས་ཡོངས་ཁྱབ་ཏུ། ཐུན་མོང་ཐོག ནུས་རྒྱུ་གྲོན་ཆུང་གི་ཞབས་ཞུའི་ལས་རིགས་གོང་འཕེལ་གཏོང་རྒྱུའི་ཐད་ཞིབ་བསྡུར་བྱེད་པ་དང་ཐུན་མོང་ཐོག་ཞིང་ཆེན་དང་ཞིང་ཆེན་བར་གྱི་ནུས་རྒྱུ་གྲོན་ཆུང་ཞབས་ཞུའི་ལས་རིགས་ཀྱི་མཉམ་ལས་སྤེལ་རེས་ཀྱི་ཇུས་ཆེན་ལ་གྲོས་བསྡུར་བྱེད་རྒྱུ་ནི་དགོས་ངེས་ཤིག་ཡིན། ཁ་ཚ་དགོས་གཏུག་ནི་མཉམ་འབྲེལ་མཉམ་མཐུད་བྱས་ཏེ་མཉམ་འགུལ་གོང་འཕེལ་ཡོང་བ་བྱེད་པ་དང་། མཉམ་དུ་ཐབས་དང་ནུས་ཤུགས་བཏོན་ནས། ཞིང་ཆེན་དང་ཞིང་ཆེན་བར་གྱི་མཐུན་སྦྱོར་སྟེགས་བུ་བཙུགས་ཐོག མཐུན་སྦྱོར་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ཏེ། ཕན་ཚུན་ཡིད་ཆེས་བྱེད་ཤུགས་དང་གཉིས་རྒྱལ་ཡོང་བ་བྱེད་དགོས་པའི་ངོས་འཛིན་བྱས་ཡོད། ཚོགས་ཞུགས་འཐུས་མིས་མགྲིན་གཅིག་ཏུ་ཤར་ནུབ་ལ་ཁྱབ་པ་དང་ལྷོ་བྱང་མི་དབྱེ་བའི་ཞིང་ཆེན་དང་ཞིང་ཆེན་བར་གྱི་ནུས་རྒྱུ་གྲོན་ཆུང་གི་ཞབས་ཞུའི་ཐོན་ལས་ཀྱི་མཐུན་སྦྱོར་སྟེགས་བུ་བཙུགས་རྒྱུའི་མོས་མཐུན་བྱས་པ་དང་ཞིང་ཆེན་ནས་ཞིང་ཆེན་བརྒལ་བའི་ནུས་རྒྱུ་གྲོན་ཆུང་གི་ཞབས་ཞུའི་ལས་རིགས་གོང་འཕེལ་གཏོང་བའི་དོན་ཚན་ལ་གྲོས་བསྡུར་བྱས་ཏེ། མཉམ་འགུལ་གོང་འཕེལ་ཡོང་བ་བྱེད་དགོས་པའི་མོས་མཐུན་བྱས་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག