མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་འཛིན་ཞིབ་མཆན་སོགས་རྣམ་གྲངས་ཁག་ཅིག་མེད་པ་བཟོ་བའམ་ལེགས་སྒྲིག་བྱེད་རྒྱུའི་སྐོར་གྱི་གཏན་འབེབས་དཔར་འགྲེམས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-26 10:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་དུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་འཛིན་ཞིབ་མཆན་སོགས་རྣམ་གྲངས་ཁག་ཅིག་མེད་པ་བཟོ་བའམ་ལེགས་སྒྲིག་བྱེད་རྒྱུའི་སྐོར་གྱི་གཏན་འབེབས་དཔར་འགྲེམས་བྱས་ཏེ། སྲིད་འཛིན་ཞིབ་མཆན་རྣམ་གྲངས་ཁག58མེད་པ་བཟོས་པའམ་དབང་ཆ་གཤམ་སྤྲོད་བྱས་པ་དང་། ལས་རིགས་ཐོབ་ཐང་ཆོག་འཐུས་དང་གཏན་འཁེལ་རྣམ་གྲངས་ཁག67མེད་པ་བཟོས་པ། དཔྱད་བསྡུར་ཚད་ལོན་གཟེངས་བསྟོད་རྣམ་གྲངས་ཁག19མེད་པ་བཟོས། བཟོ་ཚོང་ཐོ་འགོད་ཀྱི་སྔོན་འགྲོའི་ཞིབ་མཆན་བྱ་དོན་ཁག82ལེགས་སྒྲིག་བྱས་པའམ་མཇུག་ཏུ་ཞིབ་མཆན་འགོད་རྒྱུ་ཁ་གསལ་བཟོས་པ་བཅས་བྱས་ཡོད་པ་རེད། དེ་མིན། འབྲེལ་ཡོད་ཁྲིམས་ལུགས་ལྟར་གཏན་འབེབས་བཟོས་པའི་སྲིད་འཛིན་ཞིབ་མཆན་དང་། ལས་རིགས་ཐོབ་ཐང་ཆོག་འཐུས་གཏན་འཁེལ་རྣམ་གྲངས་ཁག32མེད་པ་བཟོ་བའམ་དབང་ཆ་གཤམ་སྤྲོད་བྱེད་རྒྱུ་དང་། འབྲེལ་ཡོད་ཁྲིམས་ལུགས་ལྟར་གཏན་འབེབས་བཟོས་པའི་བཟོ་ཚོང་ཐོ་འགོད་ཀྱི་སྔོན་འགྲོའི་ཞིབ་མཆན་རྣམ་གྲངས་ཁག7མཇུག་ཏུ་ཞིབ་མཆན་འགོད་རྒྱུ་བཟོ་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲིམས་གཏན་འཁེལ་བའི་འགྲོ་ལུགས་ལྟར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འབྲེལ་ཡོད་ཁྲིམས་ལུགས་ཀྱི་གཏན་འབེབས་བཟོ་བཅོས་རྒྱག་རྒྱུར་གོང་ཕུལ་ཞུ་རྒྱུ་བཅས་ཀྱི་གྲོས་འགོ་བཏོན་ཡོད་པ་རེད།

ད་ཐེངས་མེ་པ་བཟོས་པའམ་དབང་ཆ་གཤམ་སྤྲོད་བྱས་པའི་སྲིད་འཛིན་ཞིབ་མཆན་རྣམ་གྲངས་ལ་ཁྱད་ཆོས་ཁག་གསུམ་ཡོད་དེ། གཅིག་ནི། མ་འཇོག་འབོར་གྲངས་ཆེ་བ་དང་། གཉིས་ནི། མེད་པ་བཟོས་པའི་རྣམ་གྲངས་མང་བ། གསུམ་ནི། སྲིད་འཛིན་མིན་པའི་ཆོག་འཐུས་ཞིབ་མཆན་རྣམ་གྲངས་ཀྱིས་བཟུང་བའི་བསྡུར་གྲངས་མང་བ་བཅས་ཡིན། རྣམ་གྲངས་དེ་དག་མེད་པ་བཟོས་པའམ་དབང་ཆ་གཤམ་སྤྲོད་བྱས་པ་དེས་ཁེ་ལས་ཀྱིས་མ་རྩ་བསྡུ་རུབ་བྱེད་པའི་མ་གནས་དམའ་རུ་གཏོང་རྒྱུ་དང་། ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་། ཁ་བསལ་གཞུང་དྲང་གི་ཁྲོམ་རའི་སྒྲིག་ལམ་འཛུགས་མགྱོགས་སུ་གཏོང་ཐུབ་རྒྱུ་ཡིན་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག