མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཝང་དབྱང་གིས་ཁྱོན་ཡོངས་ནས་ཁྲིམས་ལྟར་དབང་ཆར་བཙན་གནོད་དང་རྫུན་མ་བཟོ་བར་རྡུང་རྡེག་གཏོང་བའི་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་སྟོན་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-26 10:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས25ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་གིས་པེ་ཅིན་དུ་རྒྱལ་ཡོངས་ཀྱིས་དབང་ཆར་བཙན་གནོད་དང་རྫུན་མ་བཟོ་བར་རྡུང་རྡེག་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་གཙོ་སྐྱོང་གནང་བ་དང་། ཁོང་གིས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་སྐུལ་འདེད་གཏོང་བའི་གཏན་འབེབས་བྱས་ཡོད་པས། ཁྲིམས་ལྟར་དབང་ཆར་བཙན་གནོད་དང་རྫུན་མ་བཟོ་བར་རྡུང་རྡེག་གཏོང་བའི་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་གཞུང་དྲང་ཤེས་དཔལ་གྱི་ཁྲིམས་འཛིན་ཚད་ལྡན་བཟོ་རྒྱུ་རྒྱུན་འཁྱོངས་དང་ཁྲིམས་འཛིན་འདྲི་གཅོད་ཀྱི་ཆུ་ཚད་མཐོ་རུ་བཏང་ཏེ། དམངས་ཡོངས་ཀྱིས་རང་རྟོག་ངང་དབང་ཆར་བཙན་གནོད་དང་རྫུན་མ་བཟོ་བར་འགོག་རྒོལ་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་བཏོད་དེ། དབང་ཆར་བཙན་གནོད་དང་རྫུན་མ་བཟོ་བར་རྡུང་རྡེག་གཏོང་བའི་ལས་དོན་དེ་ཁྲིམས་སྐྱོང་གི་ལམ་བུའི་ཐོག་མདུན་བསྐྱོད་ཐུབ་རྒྱུའི་ལག་ལེན་བྱེད་དགོས་པའི་ནན་སྟོན་གནང་ཡོད།

ཝང་དབྱང་ནས་ད་ལོའི་ལོ་མཇུག་དང་དུས་སང་གི་ལོ་མགོར་དབང་ཆར་བཙན་གནོད་དང་རྫུན་མར་རྡུང་རྡེག་གཏོང་བའི་གཙོ་གནད་ལས་དོན་ཐད་བཀོད་སྒྲིག་གནང་ཡོད་པ་སྟེ། འབྲེལ་ཡོད་ལས་དོན་ཁྲོད་ཀྱི་མི་འདང་བའི་ཆ་ཞིབ་བཤེར་དང་ཁ་གསབ་བྱས་ཏེ། དུས་ཐོག་ཏུ་ལོ་སྟོད་དུ་གཏན་ཁེལ་བྱས་པའི་ལས་འགན་ཁག་ལེགས་སྒྲུབ་བྱེད་དགོས་པ་དང་གཅིག དུས་ཆེན་གཉིས་རིང་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། དུས་ཆེན་གྱི་འཛད་སྤྱོད་བདེ་འཇགས་འགན་ལེན་བྱེད་དགོས་པ་དང་གཉིས། དུས་ཚོད་དམ་འཛིན་གྱིས་གྲོང་གསེབ་དང་གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཐུད་ཁུལ་གྱི་ཁྲོམ་རའི་རྫུན་བཟོ་དང་སྤུན་གཞན་ལ་ཆེད་དོན་བཅོས་སྒྲིག་བྱེད་འགོ་ཚུགས་དགོས་པ་དང་གསུམ། སྤྱི་ལོ་2014ལོའི་ལོ་འཁོར་མོའི་དབང་ཆར་བཙན་གནོད་དང་རྫུན་མ་བཟོ་བར་རྡུང་རྡེག་གཏོང་བའི་ལས་ཀའི་ལས་ཆོད་ཀྱི་ཞིབ་དཔྱད་ལས་དོན་ཡག་པོ་སྒྲུབ་པ་དང་ཞིབ་དཔྱད་ཀྱི་བཀོད་འདོམས་དབྱུག་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྔོན་ཐོན་ལ་སྐུལ་མ་དང་རྗེས་ལུད་ལ་སྐུལ་ལྕག་བྱེད་དགོས་པ་དང་བཞི། སྤྱི་ལོ་215ལོའི་ལས་ཀའི་རིག་ལམ་འཆར་འགོད་ཡག་པོ་བྱས་ཏེ། དབང་ཆར་བཙན་གནོད་དང་ རྫུན་མ་བཟོ་བར་རྡུང་རྡེག་གཏོང་བའི་ལས་ཀའི་རྣམ་པ་གསར་པ་ཧུར་ཐག་བཏོད་དགོས་པ་དང་ལྔ་བཅས་ཡིན་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག