ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་དུས། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས། རྒན་གསོའི་ལས་ཁུངས་ཀྱི་སྨན་དོན་ཁང་དང་བདག་སྐྱོང་ས་ཚིགས་ཀྱི་གཞི་རྩའི་ཚད་གཞི་པར་འགྲེམ་བྱས་ཏེ། རྒན་གསོའི་ལས་ཁུངས་ནང་བཀོད་སྒྲིག་བྱས་པའི་སྨན་དོན་ཁང་དང་བདག་སྐྱོང་ས་ཚིགས་ལ། མི་སྣ་དང་ཁང་པ། སྒྲིག་ཆས། ལམ་ལུགས་སོགས་ཀྱི་ཐད་གཏན་འབེབས་བཟོས་ཡོད་པ་རེད།
རྒན་རྒོན་གྱི་གཟུགས་པོའི་གནས་ཚུལ་དང་སྨན་བཅོས་བདག་སྐྱོང་གི་དགོས་མཁོར་བསམ་གཞིགས་བྱས་ནས། ཚད་གཞིའི་ནང་རྒན་གསོའི་ལས་ཁུངས་ཀྱི་སྨན་དོན་ཁང་དང་བདག་སྐྱོང་ས་ཚིགས་ཀྱི་སྤྱིའི་ཇུས་འགོད་དེ་འགོག་རྐྱེན་མེད་པའི་ཇུས་འགོད་ཀྱི་བླང་བྱ་དང་མཐུན་དགོས་པ་དང་གཞི་རྩའི་ལས་རིགས་སྨན་པ་བཀོད་སྒྲིག་འགན་སྲུང་། སྨན་གཡོག་དང་བདག་སྐྱོང་པར་ཐོ་འགོད་བྱེད་པའི་མི་སྣ་བཀོད་སྒྲིག་འོས་འཚམ་གྱིས་མང་དུ་གཏོང་དགོས། རྒན་གསོའི་ལས་ཁུངས་ཀྱི་སྨན་དོན་ཁང་དུ་ཉུང་མཐར་ཡང་མི་གཅིག་ལ་ལས་རིགས་སྨན་པའི་ཐོབ་ཐང་ཡོད་དགོས་པ་དང་། ཐོ་འགོད་བྱས་རྗེས་སྨན་བཅོས་དང་བདེ་སྲུང་ལས་ཁུངས་ཁྲོད་ལས་ཀ་བྱས་ཏེ་ལོ་ལྔ་ཟིན་ཞིང་། གཟུགས་པོ་བདེ་ཐང་ཡིན་པའི་ནད་ཐོག་རིགས་ཀྱི་ལས་རིགས་སྨན་པའམ་ཀྲུང་ལུགས་སྨན་པའི་རིགས་ཀྱི་ལས་རིགས་སྨན་པའི་ཁྲོད། ཉུང་མཐར་ཡང་ཐོ་འགོད་སྨན་གཡོག་ཞིག་དགོས་ཀྱི་ཡོད་པ་རེད། རྒན་གསོའི་ལས་ཁུངས་ཀྱི་བདག་སྐྱོང་ས་ཚིགས་སུ་ཉུང་མཐར་ཡང་སྨན་གཡོག་ཡན་གྱི་གོ་མིང་ཡོད་པའི་ཐོ་འགོད་སྨན་གཡོག་གཉིས་དང་། ཉུང་མཐར་ཡང་དྲག་སྐྱེས་སྨན་བཅོས་མི་སྣ་གཅིག་དགོས་ཀྱི་ཡོད་ཅེས་གཏན་འབེབས་བྱས་ཡོད་པ་རེད། །
རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།