མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་ནོར་སྲིད་ནས་སྔ་སྣུར་དུ་སང་ལོའི་ཁུལ་གསུམ་གྱི་དགེ་རྒན་གྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་དང་ས་ཡ་བརྒྱད་གཤམ་སྤྲོད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-26 10:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་ཀྱི་སྔོན་རྩིས་ཆ་ཚང་བའི་རང་བཞིན་མཐོ་རུ་གཏོང་ཆེད། ཀྲུང་དབྱང་ནོར་སྲིད་ནས་ཉེ་དུས་སྔ་སྣུར་དུ2015ལོའི་ཁུལ་གསུམ་གྱི་དགེ་རྒན་འདེམས་གཏོང་ལས་དོན་གྱི་ཁ་གསབ་མ་དངུལ་སྔོན་རྩིས་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་དང་ས་ཡ་བརྒྱད་གཤམ་སྤྲོད་བྱས་ཏེ། ཐག་རིང་དབུལ་ཕོངས་ས་ཁུལ་དང་། མཐའ་མཚམས་མི་རིགས་ས་ཁུལ། གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་བཅས་སུ2015ལོའི་ལོ་སྟོད་དུ་མངག་གཏོང་བྱས་པའི་དགེ་རྒན་གྱི་ཁ་གསབ་འགྲོ་གྲོན་དུས་ཐོག་ཏུ་གཤམ་སྤྲོད་ཐུབ་རྒྱུར་འགན་ལེན་བྱས་ཡོད། 2015ལོར་ཞིང་ཆེན་ཁག་གི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་དགེ་རྒན་འདེམས་གཏོང་གི་ཁ་གྲངས་བསྐྱར་དུ་གཏན་འཁེལ་ཟིན་རྗེས་ཀྲུང་དབྱང་ནོར་སྲིད་ནས་སླར་ཡང་ཞིང་ཆེན་ཁག་གི་ཁུལ་གསུམ་གྱི་དགེ་རྒན་འདེམས་གཏོང་ལས་དོན་གྱི་འགྲོ་གྲོན་སྔོན་རྩིས་གཏན་འཁེལ་བྱ་རྒྱུ་མ་ཟད། མང་ན་ཚུར་སློག་དང་ཉུང་ན་ཁ་གསབ་བྱེད་པའི་རྩ་དོན་གཞིར་བཟུང་འགྲོ་གྲོན་སྔོན་རྩིས་ལེགས་སྒྲིག་བྱ་རྒྱུ་ཡིན་པ་རེད།

2012ལོར། སློབ་གསོ་པུས་ཀྲུང་དབྱང་རྩ་འཛུགས་པུའུ་དང་། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་བཅས་དང་མཉམ་འབྲེལ་ཐོག་ཁུལ་གསུམ་གྱི་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འཆར་གཞིའི་དགེ་རྒན་གྱི་ཆེད་དོན་འཆར་གཞི་ལག་བསྟར་བྱས་པ་དང་། འཆར་གཞི་བྱས་ན། 2013ལོ་ནས2020ལོ་བར་ལོ་ལྟར་བུ་བཅོལ་ཁང་དང་། སློབ་གྲྭ་འབྲིང་ཆུང་། འབྲིང་རིམ་ལས་རིགས་སློབ་གྲྭ་བཅས་ཀྱི་ཕུལ་བྱུང་དགེ་རྒན་སུམ་ཁྲི་ཁུལ་གསུམ་དུ་སློབ་སྐྱོར་ལོ་གཅིག་བྱེད་པར་འདེམས་གཏོང་བྱ་རྩིས་ཡོད་པ་དང་། འདེམས་གཏོང་བྱས་པའི་ཁུལ་གསུམ་གྱི་སློབ་སྐྱོར་དགེ་རྒན་གྱི་མི་དོན་འབྲེལ་བ་དེ་སྔའི་ཚན་པར་ཉར་ཚགས་བྱ་རྒྱུ་དང་། སློབ་སྐྱོར་གྱི་དུས་བཀག་ཐིམ་རྗེས་དེ་སྔའི་ཚན་པར་ཕྱིར་ལོག་རྒྱུ་ཡིན་པ་རེད། དེ་སྔའི་གླ་ཕོགས་དང་ཐོབ་ཆར་འགྱུར་བ་གཏོང་རྒྱུ་མིན་པ་མ་ཟད། ཟླ་བ་རེར་ལས་ཀའི་ཁ་གསབ་དངུལ་དང་། གཞུང་དོན་སྒྲུབ་པར་ཕྱིན་པའི་འགྲོ་གྲོན། དེ་བཞིན་བསམ་ཡུལ་ལས་འདས་པའི་འགན་བཅོལ་ཉོ་སྒྲུབ་སོགས་ཀྱི་ཁ་གསབ་གཤམ་སྤྲོད་བྱ་རྒྱུ་ཡིན་པ་རེད།

དེའི་གོང་། ཀྲུང་དབྱང་ནོར་སྲིད་ནས་ད་དུང་སྔ་སྣུར་དུ་སྔོན་རྩིས་སྒོར་དུང་ཕྱུར34གཤམ་སྤྲོད་བྱས་པ་དང་། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དམིགས་བསལ་ལས་གནས་ཀྱི་དགེ་རྒན་གྱི་གླ་ཕོགས་རང་བཞིན་གྱི་ཁ་གསབ2015ལོའི་ལོ་སྟོད་དུ་རྒྱུན་ལྡན་ལྟར་གཤམ་སྤྲོད་བྱ་རྒྱུར་འགན་ལེན་བྱ་རྒྱུ་ཡིན་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག