མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་སྐབས་དང་པོ་སྤེལ་མགོ་རྩོམ་པའི་མཛད་སྒོ་པེ་ཅིན་ནས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-25 11:04

རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་སྐབས་དང་པོ་སྤེལ་མགོ་རྩོམ་པའི་མཛད་སྒོ་ཚེས་ཉེར་བཞི་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིག་ཡུན་ཧྲན་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་སྐབས་དང་པོ་སྤེལ་མགོ་རྩོམ་པའི་མཛད་སྒོ་ཚེས་ཉེར་བཞི་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིག་ཡུན་ཧྲན་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་དམངས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་འདུ་ཤེས་མུ་མཐུད་དུ་ཇེ་དྲག་ལ་གཏོང་བ་དང་། དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་བཟང་བོ་བྱས་ནས་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ནུས་ཡོད་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཁྲིམས་ལྟར་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན་པས། མཉམ་འབྲེལ་དྲ་རྒྱའི་འཛུགས་སྐྲུན་དང་དོ་དམ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས་བ་དང་། རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་འགན་སྲུང་མ་ལག་ཆ་ཚང་དུ་གཏོང་དགོས་ལ། དྲ་ངོས་ཀྱི་ཁྲིམས་འགལ་བྱ་འགུལ་སྣ་ཚོགས་ལ་རྦད་ཆོད་སྒོས་རྡུང་རྡེག་བྱས་ནས། དྲ་རྒྱའི་བདེ་འཇགས་བྱ་བའི་རང་འགུལ་རང་བཞིན་དང་ཕན་ནུས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། ཧུར་ཐག་སྒོས་མཉམ་འབྲེལ་དྲ་རྒྱའི་རྒྱལ་སྤྱིའི་གྲོས་མོལ་མཉམ་ལས་ཁྲོད་དུ་ཞུགས་ཏེ། ཞི་བདེ་དང་བདེ་འཇགས། སྒོ་འབྱེད། མཉམ་ལས་བཅས་ཀྱི་དྲ་རྒྱའི་ཁོར་ཡུག་གསར་སྐྲུན་བྱེད་པ་དང་། སྣ་མང་དང་དམངས་གཙོ། མངོན་གསལ་བཅས་ཀྱི་རྒྱལ་སྤྱིའི་མཉམ་འབྲེལ་དྲ་རྒྱའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས་ལ། རྒྱལ་ཁབ་ཀྱི་དྲ་རྒྱའི་ཁོར་ཡུག་བདེ་འཇགས་དང་འཕེལ་རྒྱས་ཕན་འབྲས་སྔར་ལས་སྲུང་སྐྱོབ་བྱས་ནས་མི་དམངས་མང་ཚོགས་ཀྱི་དྲ་རྒྱའི་ཆ་འཕྲིན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བཟང་བོ་བྱེད་དགོས་ཟེར།   ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག