
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་འཇར་མན་སྲིད་འཛིན་མཉམ་འབྲེལ་མནའ་འབྲེལ་གྱི་ཏང་ཁག་གསུམ་ནང་གི་གཅིག་སྟེ་ཡེ་ཤུའི་ཆོས་ལུགས་སྤྱི་ཚོགས་མནའ་འབྲེལ་གྱི་ཀྲུའུ་ཞི། པ་ཧྥ་ལིས་ཡ་ཀྲིག་གི་ཀྲིག་ཀྲང་ཙི་ཧོ་ཧྥུའུ་ལ་མཇལ་འཕྲད་གནང་།
མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་འཇར་མན་བར་གྱི་འབྲེལ་བ་དེ་ཆུ་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཕྱོགས་གཉིས་ཀྱིས་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་འགྲོ་འོང་དང་འབྲེལ་འདྲིས་སྲུང་འཛིན་བྱེད་པ་དང་། ཅང་མ་འགོར་བའི་སྔོན་ལ་སྐོར་ཐེངས་གསུམ་པའི་ཀྲུང་གོ་དང་འཇར་མན་སྲིད་གཞུང་གིས་གྲོས་མོལ་བྱས་ནས་བྱུང་བའི་ཀྲུང་གོ་དང་འཇར་མན་མཉམ་ལས་ཀྱི་འགུལ་སྐྱོད་རྩ་གནད་དངོས་འབེབས་བཟང་བོ་བྱས་ཏེ། ཁྱད་སྟོབས་ཁ་གསབ་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས་ཟེར།
ཙི་ཧོ་ཧྥུའུ་ཡིས་བཤད་རྒྱུར། ཀྲུང་གོས་ཡང་དག་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་གདམ་གསེས་བྱས་ནས་གྲུབ་འབྲས་ཆེན་པོ་བླངས་པ་དང་། འཇར་མན་དང་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས། པ་ཧྥ་ལིས་ཡ་ཀྲིག་གིས་ཀྲུང་གོ་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་མི་གཞུང་། ས་གནས་སོགས་བར་གྱི་བརྗེ་རེས་དང་མཉམ་ལས་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་རེ་སྒུག་བྱེད་བཞིན་ཡོད་ཟེར། །
རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།