མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུང་ཧྲན་གྱིས་ཏང་གི་ཀྲུའུ་ཞི་གཞོན་པ། སྲིད་གཞུང་གི་ཙུང་ལི་གཞོན་པ་ཏི་མའེ་ཁི· མའེ་ཁུང་ནོའུ་ཡིས་ཁྲིད་པའི་ཨེ་ཙེ་ཨོ་ཕི་ཡ་མི་དམངས་གསར་བརྗེ་དམངས་གཙོ་ས་ཁུལ་གྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-25 11:03

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུང་ཧྲན་གྱིས་ཚེས་ཉེར་བཞི་ཉིན་པེ་ཅིན་ནས་ཏང་གི་ཀྲུའུ་ཞི་གཞོན་པ། སྲིད་གཞུང་གི་ཙུང་ལི་གཞོན་པ་ཏི་མའེ་ཁི· མའེ་ཁུང་ནོའུ་ཡིས་ཁྲིད་པའི་ཨེ་ཙེ་ཨོ་ཕི་ཡ་མི་དམངས་གསར་བརྗེ་དམངས་གཙོ་ས་ཁུལ་གྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུང་ཧྲན་གྱིས་ཚེས་ཉེར་བཞི་ཉིན་པེ་ཅིན་ནས་ཏང་གི་ཀྲུའུ་ཞི་གཞོན་པ། སྲིད་གཞུང་གི་ཙུང་ལི་གཞོན་པ་ཏི་མའེ་ཁི· མའེ་ཁུང་ནོའུ་ཡིས་ཁྲིད་པའི་ཨེ་ཙེ་ཨོ་ཕི་ཡ་མི་དམངས་གསར་བརྗེ་དམངས་གཙོ་ས་ཁུལ་གྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུང་ཧྲན་གྱིས་ཚེས་ཉེར་བཞི་ཉིན་པེ་ཅིན་ནས་ཏང་གི་ཀྲུའུ་ཞི་གཞོན་པ། སྲིད་གཞུང་གི་ཙུང་ལི་གཞོན་པ་ཏི་མའེ་ཁི· མའེ་ཁུང་ནོའུ་ཡིས་ཁྲིད་པའི་ཨེ་ཙེ་ཨོ་ཕི་ཡ་མི་དམངས་གསར་བརྗེ་དམངས་གཙོ་ས་ཁུལ་གྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ལིག་ཡུང་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡ་གཉིས་བར་ཕྱོགས་ཡོངས་ནས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་པའི་ཚུན་ལ། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་གྲུབ་འབྲས་བཟང་བོ་བླངས་ཟེར། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་བཀོད་པའི་ཐུན་མོང་གི་ལྟ་བ་དངོས་འབེབས་བཟང་བོ་བྱས་ནས། ཕན་ཚུན་བར་ཡིད་ཆེས་དང་།ཕན་ཚུན་བར་ཉམས་མྱོང་བླངས་ནས། ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡ་བར་གྱི་འབྲེལ་བ་མཐོ་རིམ་གསར་བ་ཞིག་ཏུ་ཡར་སྐུལ་བྱེད་འདོད་ཡོད་ཟེར། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཨེ་ཙེ་ཨོ་ཕི་ཡ་གསར་བརྗེ་ས་ཁུལ་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཉི་ཤུ་ལོན་པའི་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་རྒྱུན་ཆད་མེད་པར་ཏང་གཉིས་བར་གྱི་འགྲོ་འོང་འབྲེལ་བ་དང་། རྒྱལ་སྐྱོང་སྲིད་སྐྱོང་གི་ཉམས་མྱོང་ཐད་ལ་བརྗེ་རེས་བྱེད་པར་ཤུགས་བསྣན་ནས། སྔར་ལས་བཟང་བོའི་སྒོ་ནས་ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་འདོད་ཡོད་ཟེར། ལིག་ཡུང་ཧྲན་གྱིས་ད་རུང་ཀྲུང་གུང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ཏང་གི་འཛུགས་སྐྲུན་གནས་ཚུལ་མཚམས་སྦྱོར་མཛད།

ཏི་མའེ་ཁི་ཡིས་བཤད་རྒྱུར། དེང་སྐབས་ཨེ་ཙེ་ཨོ་ཕི་ཡ་དང་ཀྲུང་གོ་བར་གྱི་འབྲེལ་བར་དངོས་གཉེར་མཉམ་ལས་ཀྱི་རྣམ་པ་ཆགས་ཤིང་། ཨེ་ཙེ་ཨོ་ཕི་ཡ་གསར་བརྗེ་ས་ཁུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་ནང་རྐྱེན་ཅན་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཀྲུང་གོའི་ཉམས་མྱོང་ལ་སློབ་སྦྱོང་བྱེད་པ། ཁྱབ་ཁོངས་སོ་སོའི་བར་བརྗེ་རེས་ཟབ་མོ་བྱས་ཏེ། ཕྱོགས་གཉིས་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་འདོད་ཡོད་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག